[A:58b]བག་རེ་གསུང་ཞིང་སློབ་མ་ཐམས་ཅད་ལ་སོར་བསམ་གནང་ནས་སྒོམ་པ་ཁོ་ན་ལ་བཙུད་དེ། གཞུང་བཤད་མི་མཛད་པ་ལས། དགུང་ལོ་བདུན་ཅུ་རྩ་གཉིས་བཞེས་པ་ན་གྲུབ་ཆེན་ཡུ་མོ་ལ་ཆོས་
སྐོར་རྫོགས་པར་གནང་སྟེ། དགུང་ལོ་བརྒྱ་བཅུ་ལ་ཆོས་ཀྱི་དབྱིངས་སུ་སྙོམས་པར་ཞུགས་སོ༎ འདིའི་ཕྱི་རྟེན་སྒྲོ་རིས་གནས་སྒང་ན་བཞུགས་པ་ཞིག་པའི་ས་འབུར་ཙམ་ལས་རིང་བསྲེལ་དུ་མ་རྙེད་
ཅིང་ཚ་ཚའི་ནང་བཞུགས་གཟུངས་ཀྱི་ཤམ་བུར་བླ་མ་གནམ་ལ་རྩེགས་ཀྱི་ཐུགས་དགོངས་རྫོགས་པར་གྱུར་ཅིག་ཅེས་པ་ཡོད་པ། ཕྱིས་ཀུན་སྤངས་ཆོས་གྲགས་དཔལ་བཟང་པོས་མཇལ་བས་རིང་བསྲེལ་
བརྒྱ་ཕྲག་མང་པོ་རྙེད། ཁང་བུ་བརྩེགས་པའི་མཆོད་རྟེན་བསོས་ཏེ་བཞུགས་སོ༎ ༎ ༤ གྲུབ་ཆེན་ཡུ་མོ་མི་བསྐྱོད་རྡོ་རྗེ། བླ་མ་དེའི་ཐུགས་ཀྱི་སྲས་གཅིག་པུ་གྲུབ་ཆེན་ཡུ་མོ་ནི། གངས་ཏི་སེའི་རྩར་ཡབ་རྔམ་ཁྲོ་
བོ་ཞེས་པ་ལ། སྲས་ཤཱཀྱ་རྒྱལ་མཚན། རྡོར་བྱང་། ཚུལ་ཤེ། གྲུབ་ཆེན་སྟེ་བཞི་འཁྲུངས་སོ༎ འདི་ཉིད་ཀྱིས་རིམ་གྱིས་ལ་སྟོད་ལྷོར་བྱོན་ནས་དགུང་ལོ་བཅུ་པ་ལ་ལྟོ་འཆེར་གྱི་གནས་སུ་མཁན་
པོ་སྟག་ལོ་ཙཱ་བ་གཞོན་བརྩོན་ལས་རབ་ཏུ་བྱུང་སྟེ། མཚན་འདོགས་པའི་ཚེ་གདུང་རུས་རྔམ་དུ་འདུག་དད་པ་ཤིན་ཏུ་ཆེ་བ་ཅིག་འདུག་པས། རྔམ་བཙུན་དད་པ་རྒྱལ་པོ་ཞེས་པར་འདོགས་སོ་