R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 59a
[A:59a]ཞེས་མཚན་དེ་ལྟར་བཏགས། མཁན་པོ་ལ་ཆོས་གསན་ཞིང་ལོ་གཉིས་བཞུགས། དེ་ནས་དོན་མོ་རིར་སེ་སྟོན་སྒྲ་གཅན་འཛིན་དང་། དགེ་གནས་སུ་བ་རེག་ཐོས་
པ་དགའི་དྲུང་དུ། མངོན་པ་དང་ཕར་ཕྱིན་གསན། མི་རྣམས་དབུ་བ་ཡུ་མོའི་མགོ་འདྲ་ཞེས་གླེང་བས་རང་ཉིད་ཀྱིས་ཡུ་མོ་ཞེས་མཚན་བླ་དྭགས་སུ་བཏགས་སོ༎ རྨ་དགེ་མཐོང་དང་། སྙེགས་ལ་
དབུ་ཚད་དང་། སོག་འདུལ་བ་འཛིན་པ་ལ་འདུལ་བ་དང་སྤྱོད་ཕྱོགས་གསན། མདོ་རྩ་ལ་ཞལ་ཏོན་མཛད། ཀྱེ་རྡོར་སོགས་སྔགས་སྐོར་ཡང་གསན། དེར་གྲོགས་ཅིག་གིས་དགུན་ཅི་བྱེད་འདྲི་
པ་ལ་མཚམས་བྱས་སྔགས་ཀྱི་དཔེ་འདྲ་འདི་གསུངས་པས། འོ་ན་བྱོན་ལ་ག་ཚད་ན་རྡོ་རྗེ་སྙིང་འགྲེལ་འདུག་ཟེར་བས་དེ་འདྲིའམ་ཞེས་ཟེར་མ་ཐག སྔོན་གྱི་བག་ཆགས་སད་ནས་དད་པས་སྤུ་
ཟིང་དུ་གྱུར་ཏེ། དཔེ་དེ་གཡར་ནས་འདྲི་ཞིར་གཟིགས་པས་ཤིན་ཏུ་དད་དེ་སུས་ཤེས་དྲིས་པས། སོ་མ་ནཱ་ཐས་ཤེས་ཟེར་བ་ལ། དེ་སྔོན་གྱི་མི་ཞིག་ཡིན་སྙམ་ནས། དབུས་སུ་ཁམས་པ་ལྡེའུ་པ་ལ་སྤྱོད་
ཕྱོགས་གསན་ཅིང་བཞུགས་པའི་དུས་སུ། པཎ་ཆེན་ཟླ་མགོན་སྐར་ཆུར་བཞུགས་ཟེར་བ་གསན་ཏེ། རྡོ་རྗེ་སྙིང་འགྲེལ་ཤེས་སམ་བྱས་པས། དེ་ལོས་མཁྱེན་དེར་མ་ཟད། སྤྱིར་གསང་སྔགས་