R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 59b
[A:59b]ཙམ་ལ་མཁས། ཁྱད་པར་དུ་དཔལ་དུས་ཀྱི་འཁོར་ལོའི་འགྲེལ་པ་ཆེན་མོ་ཡང་མཁྱེན་ཟེར། ཞུས་ན་གནང་ངམ་དྲིས་པས། སྤྱིར་བཀའ་དོག་སྟེ་ད་ལྟ་བལ་ཡུལ་དུ་གཤེགས་པའི་ཞབས་ཏོག་
པ་མེད་པས་འགྲོ་ནུས་ན་གནང་འོང་ཟེར། སུམ་པ་རྡོ་རྗེ་གཞོན་ནུས་ཞུ་སྣ་བྱས་ནས། པན་ཆེན་དང་། བླ་མ་གནམ་བརྩེགས་གཉིས། ཀྱཻ་རྡོ་རྩ་སྔགས་དང་། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་
པ་ལ་ཞུ་ཏིག་མཛད་པའི་སྐབས་སུ་མཇལ་ཏེ་ཆོས་འབྲེལ་ཞུས་པས། སྔགས་གཉིས་པོ་ལ་བཤད་པ་མཛད་ནས་གསུངས། ཆང་དཀར་ཡོལ་གང་གནང་། པཎ་ཆེན་གྱིས་གསེར་ཐིག་པོ་དང་། གླ་
རྩིའི་རྐྱལ་པ་མང་པོ་བསྟན་ནས། འདི་རྣམས་ཁྱོད་ཀྱིས་བལ་ཡུལ་ཐུག་ཁུར་ནུས་ཤིང་མགོ་ཐོན་ན། སང་རེས་ང་བོད་དུ་འོང་དུས་ཆོས་སྦྱིན་ནོ་གསུངས་པས། སྒོམ་པ་ཚུལ་གྲགས་ལ་དཔེ་ཆ་བཅོལ་
པ་ལེན་དུ་བྱོན་པས། ཁྱོད་གར་འགྲོ་ཟེར་བ་ལ་སྔར་གྱི་ལོ་རྒྱུས་བསྙད་པས། པཎྜི་ཏ་ལ་ཆོས་མི་ཁུགས། སྔར་ཡང་མང་པོས་མ་ཁུགས་པ་ཡིན། དེ་བས་པཎྜི་ཏའི་ཆོས་མ་ལུས་པ་མཁྱེན་པ་ངེད་ཀྱི་བླ་མ་
རྣོར་བཟང་ན་བཞུགས་བྱས་པས། བློ་འགྱུར་ཏེ་སྟོན་པ་རྒྱལ་པ་འོད། སྒོམ་པ་དབང་བ་སོང་། སྒོམ་པ་ཚུལ་ཁྲིམས་གྲགས་རྣམས་ཀྱིས་ཞུ་སྣ་བྱས། སྒྲོ་སྟོན་ལ་ཞུ་རྟེན་གསེར་ཞོ་འགའ་ཞིག་དང་། དུང་