R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 60a
[A:60a]ཆོས་ལེགས་པ་ཅིག ཀ་པ་ལི་ཅིག་ཕུལ་པས། ཁྱོད་ཀྱི་འདི་ཚོ་ལ་ཉེ་བཅད་སོགས་འདུལ་པ་འཛིན་པ་དེ་བཙུན་པ་ཟས་ཟ་མི་ཤེས་གོས་གོན་མི་ཤེས་པ་ཐམས་ཅད་ལ་ཞལ་
འཆོལ་ཕ་ལྟར་བྱེད་པ་ཡིན་ཟེར། དེའི་ཐུགས་ཟིན་ཁྱོད་ཡིན་པར་འདུག་པས། ཡོན་ཏན་ཅིག་ཡོད་པ་ཡིན་ཏེ་འོང་གསུང་ནས་ཆོས་གནང་བར་ཞལ་གྱིས་བཞེས། བླ་མ་དགུང་ལོ་བདུན་ཅུ་རྩ་གཉིས་པ་ལ་
ཞལ་མཇལ་ཏེ། ལོ་བཞི་བར་མེད་དུ་བསྟེན་ནས་འགྲེལ་པ་སྐོར་གསུམ་གྱི་གཞུང་མན་ངག་ཆ་ལག་དང་བཅས་པ་དང་། མཚན་བརྗོད་མན་ངག་གི་བཤད་པ་དང་། གསང་འདུས་སྒྲོན་གསལ་ལ་སོགས་པ་
གསན་པའི་དུས་སུ། བླ་མ་བག་ཙམ་བསྙུང་བ་ན། གཙང་སྟོན་འདི་ལ་ཆོས་མ་ཕོགས་ཀྱི་བར་དུ་ང་མ་བཤད་ཅེས་མཁའ་འགྲོ་མ་ལ་གསོལ་བ་བཏབ་ནས་གདམས་པ་ཐམས་ཅད་རྫོགས་པར་གནང་ངོ་༎
མཐར་ཡང་དབང་བཞི་པ་གནང་། བདག་པོ་ཆེན་པོའི་དབང་བསྐུར་མཛད་ནས་འདིས་རྒྱུད་ཀྱི་བཀའ་གནད་ཁྲོལ་བ་ཡིན། སྐལ་ལྡན་མ་གཏོགས་པ་ལ་མ་བཤད་གསུང་སྟེ། རྡོ་རྗེ་ལག་ཏུ་གཏད། རྒྱུད་འདི་
ཁྲིད་དང་བདག་པོའི་དབང་མ་ཐོབ་པ་ལ་མི་འཆད་པ་ཡིན། དཔེ་ཙམ་གྱིས་མི་ཁྲོལ་བས་ལན་གསུམ་ཡན་ཆད་ཐོས་ནས་ཚིག་ཟིན་ཅིང་དོན་གོ་བས་བླ་མ་ལ་ཚུར་བཟླས་ཤིང་གཏན་ལ་དབབ་དགོས་པ་ཡིན་གསུང་།