[A:61a]བླ་མ་རིན་པོ་ཆེ་བདག་ལ་དེ་འདྲའི་ཀྱལ་ཀ་མི་མཛད་པར་ཞུ་ཟེར་ནས་ཕྱག་ཕུལ་བས། བླ་མ་མཉེས་ནས་སྒྱུ་འཕྲུལ་སྐུའི་བཀོད་པ་མཐའ་ཡས་པ་བསྟན་ཏོ༎
ཝ་བྲག་དཀར་བ།
ཁྱད་པར་དུ་ཝ་བྲག་དཀར་བ་ནི། རྫོགས་རིམ་གྱི་ལྷ་གྲུབ་པས་སྤྲུལ་བསྒྱུར་ནུས་པ་སྟེ། དཔལ་ཆེན་རྒྭ་ལོས་གནམ་རྩེ་ལྡང་གི་ཕུའི་ངང་ཚང་བྲག་ཕུག་ནས་བྱ་རོག་གི་གཟུགས་ཀྱིས་ཕྱིན་ནས། ཝ་བྲག་
དཀར་བའི་ཉེ་ལོགས་ན་ཤ་འདུག་པ་ལ་འཐེན་པ་དང་། དེས་ངོ་ཤེས་ནས། རྒྭ་ཆུང་བ་ཁྱོད་དེ་འདྲས་ཅི་བྱ་ཚུར་ཤོག་ལ་ཤ་ཟོ་ཟེར་ཏེ། དཔལ་ཆེན་པོ་དང་ཕན་ཚུན་སྟག་རྣམ་པར་རྩེ་བའི་སྒྱུ་མའི་བཀོད་པ་ཅི་
ཡང་སྟོན་རེས་བྱས་སོ༎ གཉོས་ཀྱི་ཁུད་པ། གཉོས་ཀྱི་ཁུད་པ་ནི། ར་སྒྲེང་དུ་ལོ་བདུན་ཅུའི་བར་དུ་བཀའ་གདམས་ལ་སྦྱངས་པས་ཡོན་ཏན་མ་སྐྱེས་པ་ལས། བུ་ཡུག་ཏུ་ཡུ་མོ་དང་མཇལ་མན་ངག་བསྒོམས་མ་ཐག་རླུང་
དབུ་མར་ཚུད་ཞི་བ་ཅན་གྲུབ་ཅིང་འཛིན་པའི་ཡོན་ཏན་ཐོབ་པོ༎ དེས་ངོར་རྗེ་སྟོན་པ། དེས་དོལ་པ་འགར་སྟོན་དབང་ཕྱུག་གྲུབ་སོགས་ལ་རིམ་པར་བརྒྱུད་པ་བྱུང་ངོ་༎ ཏྲེ་བོ་རྡོ་རྗེ་མགོན་པོ་ནི། ཡུ་མོ་ལ་
གཞུང་གདམས་པ་མཐའ་དག་མནོས་ཤིང་། རྭ་ཆོས་རབ་ལ་ཡང་གསན་ནས་བཤད་པའི་གྲ་ཡུན་རིང་དུ་བཙུགས་པས། གླན་བང་སོ་བ་ཆོས་དབང་དང་། ལྡུམ་ར་སྒང་པ་གཉན་རྡོ་རྗེ་སེང་གེ་སོགས་