[A:61b]སློབ་མ་མང་དུ་ཐོན། གཉན་ལ་སྙེ་མདོ་ཐམས་ཅད་མཁྱེན་པས་གསན་ཏོ༎
༥ སྲས་དྷརྨེ་ཤྭ་ར།
ཡུ་མོའི་སྐུ་སྲས་དྷརྨེ་ཤྭ་ར་ནི། ཡབ་དགུང་ལོ་ལྔ་བཅུ་རྩ་ལྔ་པའི་ཚེ་འུ་ཡུག་རྒྱལ་ཁབ་ཏུ་འཁྲུངས། སྐྱེས་སྟོབས་ཀྱིས་ཐུགས་
རབ་ཤིན་ཏུ་ཆེ་ཞིང་། མཚན་ཆོས་ཀྱི་དབང་ཕྱུག་ཏུ་བཏགས། ཆོས་འདི་སྔོན་གྱི་བག་ཆགས་སད་དེ། ཡབ་ལ་ལེགས་པར་གསན་ནས། དགུང་ལོ་བཅུ་གཉིས་པ་ལ་དབང་མདོར་བསྟན་གསུངས། བཅུ་
དྲུག་པ་ལ་མི་ཆེན་མང་པོ་ལ་སེམས་འགྲེལ་གསུམ་ཀ་གསུངས། བཅུ་བདུན་པ་ནས་ལོ་ར་ལ་རྒྱུད་འགྲེལ་དུས་ཆོས་སུ་གནང་། ཉེར་ལྔ་ཚུན་ལ་ཡབ་ཀྱི་ཡོན་ཏན་བུམ་པ་གང་བྱོའི་ཚུལ་དུ་མཁྱེན།
སྤྱིར་ཡབ་ཀྱི་ཞལ་སློབ་དགེ་བཤེས་ཆེ་དགུ་མཐའ་དག་ལ་གཏུགས་ནས། སྤྱོད་ཕྱོགས་དབུ་ཚད། ལམ་རིམ། རྒྱུད་སྡེ་མང་པོ་དགུང་ལོ་སུམ་ཅུའི་བར་དུ་གསན་ཅིང་སྦྱངས། དཔྱལ་ཀུན་དགའ་རྡོ་རྗེ།
ས་ཆེན། རྒྱ་གླིང་པ་སོགས་མཁས་པ་མང་པོ་རྩོད་པས་ཟིལ་གྱིས་གནན་ཏེ་མཁས་པའི་གྲགས་པས་ས་སྟེང་ཐམས་ཅད་ཁྱབ། གཙང་གཡས་རུ་ཤངས་རྩེ་གདོང་གི་ཤར་ཕྱོགས་སྨོན་མཁར་གྱི་གྲོང་ཆུང་
དགོན་པར་ཕལ་ཆེར་བཞུགས་ནས་སྤྱོད་ཕྱོགས་དང་། ཚད་མ་དང་། འཕགས་སྐོར་སོགས་ཀྱང་གསུང་ཞིང་གཙོ་བོར་ཆོས་འདིའི་སྒོ་ནས་བསྟན་པའི་སྒྲོན་མེ་འབར་བར་མཛད་དོ༎ ཁང་གསར་པ་ནམ་མཁའ་འོད། འདིའི་སློབ་མ་