[A:62a]ཁང་གསར་པ་ནམ་མཁའ་འོད་ནི། འགོས་དབང་བཙན་ལ་རིགས་ཚོགས་གསན་པས། སྡེ་སྣོད་མཐའ་དག་ལ་མཁས་པ། སྲས་མཆོག་དྷརྨེ་ཤྭ་ར་ལས་སེམས་འགྲེལ་
སྐོར་གསུམ་གྱི་གཞུང་གདམས་ངག་མ་ལུས་པར་གསན་ཏེ། རྒྱུད་འགྲེལ་ཆེན་མོའི་བཤད་པ་བྱང་བ། ཡན་ལག་དྲུག་གི་ཉམས་རྟོགས་ཁྱད་པར་ཅན་འཁྲུངས་པ་ཞིག་གོ། ༎ ༦ མ་ཅིག་སྤྲུལ་སྐུ་ཇོ་འབུམ།
བླ་མ་དྷརྨེ་ཤྭ་ར་ལས་སྲས་ལྕམ་སྲིང་གཉིས་ཀྱི་དང་པོ་མ་ཅིག་སྤྲུལ་སྐུ་ཇོ་འབུམ་ནི། བྱད་གཟུགས་མཛེས་པ། ཌཱ་ཀིའི་མཚན་དང་ལྡན་ཞིང་གཞོན་དུས་སྤྱོད་པ་སྣ་ཚོགས་མཛད། སྐྱེས་སྟོབས་ཆེ་བས་
ཡབ་ལ་ཆོས་རྣམས་གསན་ཅིང་མཁྱེན། ཡབ་གྲོངས་དུས་ཡུམ་གྱིས་བསྐུལ་བས་མཐུ་བསྒྲུབས་ཏེ་དགྲ་མང་པོ་བརླག་པར་བྱས། ཚེ་བདག་གི་ཞལ་གཟིགས། ནུས་མཐུའི་ཕ་རོལ་ཏུ་སོན། དེ་དུས་བྱང་
ཆུབ་ཀྱི་ལམ་སྣ་ཅིག་མ་ཟིན་ན་ཅིས་ཀྱང་མི་ཕན་ཞེས་ངེས་འབྱུང་བཅོས་མིན་དུ་འཁྲུངས་ཏེ། སྔར་ཡབ་ལས་གསན་པའི་རྡོ་རྗེའི་རྣལ་འབྱོར་རྩེ་གཅིག་ཏུ་བསྒོམས་པས་དེ་མ་ཐག་རླུང་དབུ་མར་ཚུད་དེ་
མངོན་ཤེས་ལྔ་ཐོབ། བྲག་རི་ལ་ཡང་ཐོགས་པ་མེད་པར་རྒྱུ་ཞིང་། ཁམ་ཟས་ལ་མི་ལྟོས། ཚེ་དེ་ཉིད་ལ་རང་བཞིན་གྱིས་གྲུབ་པའི་རྣལ་འབྱོར་མ་རྣམས་དང་སྐལ་བ་མཉམ་པའི་འཕགས་མར་གྱུར་ཏེ།