[A:62b]ཁོ་མོ་ཨོ་རྒྱན་དུ་འགྲོ་ཞེས་སྒྲ་འོད་དང་། ས་གཡོ་བ་ལ་སོགས་པའི་ལྟས་དང་བཅས་ཏེ་མཁའ་སྤྱོད་དུ་གཤེགས། ལྕམ་ལཀྵྨཱིཾ་ཀ་རའི་སྤྲུལ་པར་གྲགས་སོ༎ ༎
༧ གྲུབ་ཐོབ་སེ་མོ་ཆེ་བ།
གཉིས་པ་སྲས་གྲུབ་ཐོབ་
སེ་མོ་ཆེ་བ་ནི། ལྗགས་མི་བདེ་ཡང་ཆུང་ངུའི་དུས་ནས་ཀློག་མ་བསླབས་པར་མཁྱེན། ཡབ་ལ་དབང་རྒྱུད་བཤད་གདམས་ངག་དང་བཅས་པ་ཐོབ་ཅིང་། སྤྲུལ་སྐུ་ཇོ་འབུམ་ལས་ཀྱང་འགྲེལ་ཆུང་པདྨ་
ཅན་དང་། སྒྲུབ་ཐབས་མན་ངག་ཕྲན་མང་པོ་ཐོབ། སླར་ཡང་མཁས་པ་ནམ་མཁའ་འོད་ལས་རྒྱུད་འགྲེལ་གྱི་གཟབ་བཤད་དང་། ཡུ་མོའི་བསྟན་བཅོས་འགའ་ཞིག་དང་། ཡབ་ཀྱིས་མཛད་
པའི་རོ་བཅུད་སྟོང་ཐུན་ལ་སོགས་པ་དང་། འབྲོ་ལུགས་ཀྱི་གསུང་སྒྲོས་འོད་ཟེར་ཕྲེང་བ་དང་། ཇོ་བཙུན་ཁྱུང་གིས་མཛད་པའི་དྲི་མེད་རྒྱན་རྣམས་གསན་ཅིང་། དེ་དག་ཀྱང་ལན་རེ་ལ་ཐུགས་སུ་ཆུད་ལ། མི་
བརྗེད་པའི་གཟུངས་ཐོབ། རབ་ཏུ་བྱུང་བའི་མཚན་ནམ་མཁའ་རྒྱལ་མཚན་ཞེས་བཏགས། བླ་མ་གྱེ་ར་བ་དང་རྩེ་གདོང་བ་སོགས་ལ་ཆོས་དྲུག་ཕྱག་ཆེན་བདེ་མཆོག་སོགས་གསན། རྡོ་རྗེའི་རྣལ་
འབྱོར་ལ་ཐུགས་དམ་སྙིང་པོར་མཛད་པས་གང་སྣང་སྟོང་གཟུགས་ཁོ་ནར་ཤར་ལ། མངོན་པར་མཁྱེན་པ་ཐོགས་མེད་དུ་མངའ། གཞན་གྱི་སེམས་ཤེས་པའི་མངོན་ཤེས་འཛེམ་མེད་དུ་གསུངས་