[A:7a]དམ་པའི་ཡེ་ཤེས་ཀྱི་སྐུ་ཟུང་འཇུག་དེ་ཉིད་ལ་ལྷན་ཅིག་སྐྱེས་པའི་སྐུ་དང་། ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་ནི་ངོ་བོ་ཉིད་ཀྱི་སྐུ་ཞེས་གསུངས་ཏེ། དེ་ལ་ནི་ཐམས་ཅད་མཁྱེན་
པ་ཞེས་བྱའོ༎ ཡང་དེ་ཉིད་ཀྱི་ངང་ཚུལ་ཆོས་ཀྱི་སྐྱེ་མཆེད་པའི་ནམ་མཁའ་ལྟར་སྤྲོས་པ་ཐམས་ཅད་ཀྱིས་དབེན་ཞིང་མཆོག་ཏུ་མི་འགྱུར་བའི་བདེ་བའི་ཆ་ནས་ཆོས་ཀྱི་སྐུ་ཞེས་བྱ་སྟེ། དེ་ལ་ནི་ཡེ་ཤེས་ཀྱི་སྐུ་
ཞེས་ཀྱང་བྱའོ༎ སྟོང་པ་ཉིད་དེ་ཉིད་ཀྱི་སྒྲ་བརྙན་གྱི་ཆ་མཐའ་ཡས་པའི་སེམས་ཅན་གྱི་སྐད་ཀྱིས་ཅིག་ཆར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྟོན་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དེ་ལ་ནི་
ཉིན་མོར་བྱེད་པའི་སྐུ་ཞེས་ཀྱང་བྱའོ༎ ཡང་དེ་ཉིད་ཀྱི་རྣམ་པ་ཐམས་ཅད་པའི་ཆ་མཐའ་ཡས་པ་མཐའ་ཡས་པའི་བཀོད་པའི་རྫུ་འཕྲུལ་ཅིག་ཅར་གང་ལ་གང་མོས་སུ་སྣང་བ་སྤྲུལ་བའི་སྐུ་སྟེ། དེ་ལ་ནི་པདྨའི་
འདབ་མ་རྒྱས་པའི་སྤྱན་ཞེས་བྱའོ༎ དེ་ལྟ་བུའི་སྐུ་བཞི་ཀ་ངོ་བོ་ཉིད་ཀྱི་སྐུ་དང་། ས་ལ་གནས་པའི་སེམས་དཔའ་རྣམས་ལ་གཟུགས་བརྙན་གྱི་ཚུལ་དུ་སྣང་ཞིང་ནམ་མཁའ་ཇི་སྲིད་པར་གཡོ་བ་མེད་པའི་སྐུ་ནི་
ཆོས་ཀྱི་སྐུ་རྡོ་རྗེ་འཆང་ངམ་ཀུན་ཏུ་བཟང་པོ་ཞེས་དང་། གཟུགས་ཀྱི་འོག་མིན་ན་བཞུགས་པ་གཙང་མར་སྐྱེས་པའི་ཉན་ཐོས་རྣམས་ཀྱི་ཡང་སྤྱོད་ཡུལ་དུ་གྱུར་པའི་སྐུ་ནི་ལོངས་སྤྱོད་རྫོགས་པ་དང་དགའ་ལྡན་གྱི་