R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 7b
[A:7b]གནས་ན་བཞུགས་པ་ལ་སོགས་པ་སོ་སོ་སྐྱེ་བོ་རྣམས་ལ་ཇི་ལྟར་རིགས་པར་སྣང་བའི་སྐུ་ནི་སྤྲུལ་པའི་སྐུའོ་ཞེས་ཀྱང་བྱའོ༎ ཇི་ལྟར་ཟླ་བའི་འོད་དང་ཟླ་བ་ཆུ་ཤེལ་ཕྲེང་བ་ལས་ཆུ་འབྱུང་བ་བཞིན་དུ་སངས་རྒྱས་ལ་རྣམ་
པར་རྟོག་པ་མི་མངའ་ཡང་། སྣ་ཚོགས་པའི་གདུལ་བྱ་རྣམས་ཀྱི་སྔོན་གྱི་ལས་ཀྱིས་བསྐྱེད་པའི་མོས་པའི་དབང་གིས་སྐུའི་སྣང་བ་མཐའ་ཡས་པས་ཐེག་པ་རྣམ་པ་མང་པོའི་ཆོས་སྟོན་པ་ཡིན་ལ། དེ་ཡང་ཟུང་འཇུག་
གི་སྐུ་དེ་ཉིད་ལས་གཡོ་བ་མི་མངའ་བར་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་དང་ལྡན་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོར། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་སྐུའི་སྣང་བ་བྱང་ཆུབ་སེམས་དཔའ་
ཆེན་པོ་རྣམས་ལ་སྣང་བ་ནི་སྤྲུལ་པའི་ལོངས་སྤྱོད་རྫོགས་པའི་སྐུའོ༎ དེ་བཞིན་དུ་རྣམ་པ་ཐམས་ཅད་པའི་གཟུགས་གཟིགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་ནི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་
ཆའི་བག་ཆགས་འཛིན་པ་ས་བཅུ་པ་ཆོས་ཀྱི་སྤྲིན་ལ་གནས་པའི་ཚུལ་ཅན་སའི་སྙིང་པོ་དང་། སྒྲ་སྐད་ཐམས་ཅད་གསན་པའི་སྙན་ནི་ཕྱག་ན་རྡོ་རྗེ་དང་། དྲི་སྣོམ་པའི་ཤངས་ནི་ནམ་མཁའི་སྙིང་པོ་དང་། རོ་མྱང་པའི་
ལྗགས་ནི་སྤྱན་རས་གཟིགས་དང་། རེག་བྱ་འཛིན་པའི་སྐུ་ནི་སྒྲིབ་པ་རྣམ་སེལ་དང་། ཆོས་ཁམས་འཛིན་པའི་ཐུགས་ནི་ཀུན་ཏུ་བཟང་པོ་དང་། ཡེ་ཤེས་ནི་འཇམ་པའི་དབྱངས་དང་། ལས་ཀྱི་དབང་པོ་ལ་ནི་ཁྲོ་བོ་