[A:8a]ལ་སོགས་ཏེ་འདི་དག་ཀྱང་སྤྲུལ་པའི་ལོངས་སྐུའོ༎ ཡང་། སངས་རྒྱས་གར་མཁན་བསམ་མི་ཁྱབ༎ ཅེས་པ་ལྟར་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཞལ་ཕྱག་གི་
རྣམ་པ་ཅན་དེ་ལས་ཀྱང་མཆོག་ཏུ་གྱུར་པའི་དུས་ཀྱི་འཁོར་ལོ་གཞན་ཞིག་ཡོད་པ་ཞེས་སྟོན་པའི་བརྡར་སྒྲུབ་པའི་ཆ་ཙམ་མཚོན་པའི་སྟག་སྤགས་སོགས་ཀྱི་རྒྱན་འཛིན་པ་ཕྱི་ནང་གཞན་གསུམ་དག་པ་གཅིག་ཏུ་
འབྱོར་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དང་། དེ་བཞིན་དུ་ཀྱཻ་རྡོ་རྗེ་དང་། སྡོམ་པ་ལ་སོགས་པའི་སྐུའི་རྣམ་པ་ནི་བརྡའི་སྐུ་སྟེ་ཐུན་མོང་མ་ཡིན་པའི་སྤྲུལ་པའི་སྐུ་ཡིན་ལ། ཁ་སྦྱོར་ཡན་ལག་བདུན་དང་ལྡན་
པས་ལོངས་སྤྱོད་རྫོགས་པའི་ཡང་སྐུའོ༎ དྲི་མེད་འོད་ལས། སངས་རྒྱས་བཅོམ་ལྡན་འདས་སྔོན་ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་གྱུར་པ། མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་བ། སྒྱུ་འཕྲུལ་ཆེན་པོའི་མིག་
འཕྲུལ་དང་ལྡན་པ། ཞེས་གསུངས་ཤིང་། ཡབ་སྲས་མཇལ་བ་ལས་འབྱུང་བ་ལྟར་སངས་རྒྱས་དབང་པོའི་ཏོག་ཏུ་སངས་རྒྱས་པའི་ཚུལ་བསྟན་པ་སོགས་སངས་རྒྱས་ཀྱི་སྤྲིན་ཅི་ཡང་འཕྲོ་བས་ཞིང་ལ་ལར་བྱང་
ཆུབ་པ་དང་། ལ་ལར་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ལ་ལར་མྱ་ངན་ལས་འདས་པ་སོགས་སྐུའི་བཀོད་པ་བགྲང་ཡས་པས་སོ་སོ་སྐྱེ་བོ་ལྟ་བུར་བལྟ་བའི་བློས་བསམ་པར་བྱ་བ་མ་ཡིན་ནོ༎ ༎ ཞིང་འདིའི་མཛད་པ་བྱེ་བྲག་ཏུ་བཤད་པ།