[A:78b]ནས་འཇིག་རྟེན་གྱི་ཁམས་མང་པོའི་བར་དོའི་སེམས་ཅན་ཚད་མེད་པ་བསྒྲལ། སངས་རྒྱས་ཀྱི་ཞིང་མང་པོ་བལྟས་ཤིང་། བདེ་བ་ཅན་དང་། དགའ་ལྡན་དང་། ཤམྦྷ་ལར་ཡང་ཕྱིན། བདེ་བ་ཅན་ན་རིན་
པོ་ཆེའི་པདྨོ་ཁ་བྱེ་བ་སོགས་སྐྱེ་སྒོ་མང་པོ་གདའ་ཡང་། མཚན་ཉིད་ཀྱི་དུས་ནས་བྱམས་པའི་དྲུང་དུ་སྒྲོ་འདོགས་གཅད་སྙམ་ནས་འདུག་པ་དྲག་པོས་རྟེན་འབྲེལ་བསྒྲིགས་ཤིང་། ཁྲོ་ཕུ་བ་དང་དཔོན་སློབ་
ཐམས་ཅད་རྟེན་འབྲེལ་འགྲིག་པ་ཅིག་བྱུང་བས། ང་འདི་ནས་བར་དོ་རིགས་མཐུན་དུ་བྱས་ནས་སེམས་ཅན་དཔག་ཏུ་མེད་པ་བསྒྲལ། དེ་ནས་དགའ་ལྡན་དུ་འགྲོ་གསུང་ནས་བྱང་སེམས་པ་གདན་སར་
བསྐོས། བྱང་སེམས་སྐུ་ཁམས་འཁྲུགས་པ་ན། ང་འགྲོ་བའི་ཚེས་ཡིན་ཏེ། ང་སོང་ན་དེའི་རྐྱེན་གྱིས་ཁྱེད་ཀྱང་འགྲོངས་པར་འདུག་པས། ཁམས་སོས་ཀྱི་བར་དུ་ངས་བསྡད་དོ༎ གསུང་ནས་ཞག་
ཉི་ཤུ་ལྷག་ཏུ་ཉིན་རེ་བཞིན་ཆོས་ཟབ་མོའི་འབེལ་གཏམ་མཛད། དོན་གཅིག་པ་ཆུ་གླང་དཔྱིད་འབྲིང་ཉི་ཤུ་ལྔའི་ཐོ་རངས་བྱང་སེམས་པ་ལ་རྡོ་རྗེ་སློབ་དཔོན་དུ་དབང་བསྒྱུར་བའི་ཆོ་གས་རྡོ་རྗེ་དྲིལ་བུ་གནང་ནས།
ཁྱེད་ཀྱི་ཁམས་ནི་སོར་ཆུད་འདུག ད་ང་འགྲོ་བ་ཡིན། རོ་འདི་ཤི་མ་ཐག་བསྲེགས་ཀྱང་ཆོག ང་རོའི་ནང་དུ་འོད་གསལ་བསྒོམས་ཞིང་བསྡོད་བྱ་བའི་ལུགས་མིན། ཀུན་སྤངས་ཀྱི་བྱ་བ་མཐར་ཕྱིན།