[A:79a]དགའ་སྤྲོ་དང་བཅས་པས་གསོལ་བ་ཐོབ་གསུང་སྟེ་མྱ་ངན་ལས་འདས་སོ༎
དེ་ནས་ཞག་བདུན་ན་སྐུ་གདུང་ཞུ་བས་དུས་འཁོར་ལ་སོགས་པའི་རྟེན་མང་པོ་དང་། རིང་བསྲེལ་
ཡུངས་འབྲུ་ལྟ་བུའི་ཕུང་བོར་གྱུར། དགེ་འདུན་ཁྲི་ཕྲག་གཅིག་འདུས་ཏེ་སྒྲུབ་པ་བྱས། སྐྱིད་ཕུག་ཏུ་སྐུ་འབུམ་དང་། དགའ་ལྡན་དུ་སྐུ་འབུམ་ཆེ་བ་དང་སྐུ་གདུང་རིན་པོ་ཆེ་བཞེངས་སོ༎ ལ་སྟོད་པ་དབང་ཕྱུག་རྒྱལ་མཚན། རྗེ་འདི་ལ་སློབ་
མའི་ཚོགས་རྒྱ་མཚོ་ལྟ་བུ་ལས་ཡོངས་སུ་གྲགས་པ་ནི། ཁྲོ་ཕུ་རིན་པོ་ཆེ་བསོད་ནམས་སེང་གེ འཇམ་དབྱངས་བཞི་ཐོག་པ། ཀུན་སྤངས་གྲགས་རྒྱལ་བ། འཇམ་དབྱངས་འཁོན་སྟོན་ཐུགས་
རྗེ་རིན་ཆེན་སོགས་ས་སྐྱ་བའི་ཆེན་པོ་རྣམས་དང་། བྱང་སེམས་རྒྱལ་བ་ཡེ་ཤེས། ལ་སྟོད་པ་དབང་རྒྱལ། མུན་མེ་བྲག་ཁ་བ། སྲོན་པ་ཀུན་རྒྱལ་རྣམས་ལ་ཀུན་སྤངས་བུ་བཞིར་གྲགས་པ་དང་།
ཤེས་རབ་འབུམ། ཀུན་མཁྱེན་འཕགས་འོད། མཁས་བཙུན་ཡོན་ཏན་རྒྱ་མཚོ། བུ་ཆེན་རིན་ཆེན་དཔལ་བཟང་རྣམས་ལས། ལ་སྟོད་པ་དབང་ཕྱུག་རྒྱལ་མཚན་ནི། བསྒོམས་པས་འཛིན་
པའི་ཡན་ལག་མན་ཆད་གྲུབ། བར་དགེ་དང་མཐར་དགེ་ལ་བླ་མའི་ཞལ་ཤེས་ཁོ་ན་ལས་འབྱུང་བའི་ཁྲིད་ཡིག་ཁྱད་པར་ཅན་མཛད། མང་པོའི་བོགས་འདོན་པ་དང་གེགས་སེལ་བ་ལ་ཤིན་ཏུ་མཁས།