[A:79b]དེའི་མན་ངག་གི་ཡིག་འཇོག་ཀྱང་མང་དུ་མཛད། གྲུབ་ཐོབ་ཀྱི་སློབ་མ་ཡང་མང་དུ་བྱུང་བ་ལས། མཁན་ཆེན་རིན་ཚུལ་བ། ཆོས་ཀྱི་རྒྱལ་མཚན། འཁྲུལ་ཞིག་པ། བདག་གི་བླ་མ་དུས་འཁོར་
ཞབས་པ་སྟེ་ལ་སྟོད་ལུགས་ཀྱི་བརྒྱུད་པའོ༎ མུན་མེ་བྲག་ཁ་བ་གྲགས་པ་སེང་གེ མུན་མེ་བྲག་ཁ་བ་གྲགས་པ་སེང་གེ་ནི། གཡས་རུ་བྱང་གི་རྒྱལ་སྡེ་ཐང་མཁར་དུ་བརྒྱ་དཔོན་འོད་ལྡན་གྱི་སྲས་སུ། ཤིང་མོ་ལོས་ལ་འཁྲུངས། གདུང་
རུས་གླན། ཁྲོ་ཕུ་རིན་པོ་ཆེ་ལས་རབ་ཏུ་བྱུང་། མཁན་པོ་དེ་ཉིད་དང་། ལས་སློབ་དབུ་མ་བ་ཤེར་འབུམ། གསང་སྟོན་བུ་སྟོན་སེང་གེ་འོད་ཀྱིས་མཛད་དེ་བསྙེན་པར་རྫོགས། ས་སྐྱར་ཕྱ་རུ་བ་སེང་གེ་
དཔལ་ལས་སྡེ་སྣོད་མང་དུ་གསན་ཅིང་སྦྱངས། ཀུན་སྤངས་ཆེན་པོ་དང་། བྱང་སེམས་རྒྱལ་ཡེ་ལ་སྦྱོར་དྲུག་གི་ཁྲིད་དབང་དང་བཅས་པ་གསན། རྒྱུད་གསུང་བར་ཞུས་པས་རོང་དུ་སོང་གསུང་བ་བཞིན་བྱོན་ཏེ།
རྒྭ་ལོའི་སྲས་སྐྱེ་མེད་གྲུབ་པ་ལ་རྒྱུད་འགྲེལ་ཆ་ལག་དང་བཅས་པ་གསན་ནས། གཡའ་ལུང་གི་རི་ཁྲོད་དུ་སྒྲུབ་པ་གཙོ་བོར་མཛད། འདི་ལ་རྒྱུད་འགྲེལ་གྱི་བཤད་པ་དང་། ཁྲིད་ཀྱིས་སློབ་མ་མང་པོ་རྗེས་
སུ་བཟུང་། ཕྱིས་ལོ་སྤེ་བ་དཀོན་བཟང་གིས་སྦྱིན་བདག་བྱས་ནས། མུན་མེ་བྲག་ཁར་ཕེབས་ཏེ། བྲག་རྩེ་ན་སྤེའུ་ཅིག་ཡོད་པའི་སྒོ་བརྩིགས་ནས། དཀྱུས་གཅིག་ལ་དུས་འཁོར་གྱི་བསྙེན་པ་དང་།