R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 80a
[A:80a]སྦྱིན་བསྲེག་འབུམ་ཕྲག་བཅུ་མཛད་པས་མེ་ལྕེ་རིན་པོ་ཆེའི་རྣམ་པར་འབར་བ་སོགས་མཚན་མ་ཁྱད་པར་ཅན་བྱུང་། ཞག་རེ་ལ་ལུས་སྦྱོངས་ལན་དྲུག་རེ་མཛད། སྦྱོར་དྲུག་
དམར་ཁྲིད། གཅོད། གཟེར་ལྔ་རྣམས་ལ་ཁྲིད་ཆེན་བཞིར་མིང་བཏགས་ནས་གཙོ་བོར་སྐྱོང་། དབྱར་མཚམས་དུས་རྒྱུན་གཅོད་ལ་བཞུགས། མངོན་པར་ཤེས་པ་མངའ་བས་ས་སྐྱ་བའི་བདེ་དོག་ཐམས་
ཅད་ལུང་བསྟན་པ་བཞིན་བབས། ཕྱག་ཏུ་ཡོ་བྱད་བྱུང་ཚད་ཇོ་མོ་ནང་། རོང་། ཁྲོ་ཕུ་རྣམས་སུ་འབུལ། ཁྲིད་ཡིག་ངོ་སྤྲོད་དང་བཅས་པ་མཛད། གྱ་དགུ་པ་ཆུ་མོ་ལུག་གི་ལོ་ལ་གཤེགས་ཏེ་གདུང་སྦྱངས་པས་
རིང་བསྲེལ་གྱི་ཕུང་བོར་གྱུར་ཏོ༎ དེས་བང་མོ་ཞུ་བ་གཞོན་ནུ་དཔལ་ལ་ཁྲིད་སྐོར་མཐའ་དག་གནང་ཞིང་།་ དེ་གཉི་ག་དཔལ་ལྡན་བླ་མ་དམ་པས་དབང་དང་ཁྲིད་གསན་ནོ༎ ༎ སྲོན་པ་ཀུན་རྒྱལ་བ།
སྲོན་པ་ཀུན་རྒྱལ་བ་ནི་ཧོར་རྒྱལ་བོའི་བུ་གུར་ཆེ་ཡིན་པ། ཆོས་རྒྱལ་འཕགས་པས་དབང་ཡོན་ལ་འདི་ཕུལ་གསུངས་ནས་བཞེས། རབ་ཏུ་ཕྱུང་ནས་ཕྱག་ཕྱིར་ཁྲིད་དེ་སྡེ་སྣོད་ཀྱི་སློབ་གཉེར་ལ་བཅུག
ཆོས་དང་གདམས་པ་མང་དུ་གནང་། འཕགས་པ་ཞི་བར་གཤེགས་པ་དང་། ཀུན་སྤངས་ཆེན་པོའི་ཞབས་ལ་གཏུགས་ཟབ་ལམ་ཞུས་ཏེ་བསྒོམས་པས་ཏིང་ངེ་འཛིན་ཕུལ་དུ་བྱུང་བ་འཁྲུངས། ར་ས་རིན་