[A:80b]ཆེན་གླིང་དུ་ཤ་ཝ་ར་ལ་བསམ་གཏན་གྱི་ཁྲིད་དང་། སྟོང་གཟུགས་ཀྱི་སྤྱན་རས་གཟིགས་ལ་གེགས་སེལ་གསན་པས་མན་ངག་ལ་མངའ་བརྙེས། རླུང་སེམས་ལ་དབང་ཐོབ། སྦྱོར་དྲུག་ཀྱང་སྲོན་ལུགས་
ཞེས་གཞན་དང་ཅུང་ཟད་མི་འདྲ་བས་གཞན་དོན་མཛད་དེ་མཁའ་སྤྱོད་དུ་གཤེགས་སོ༎ སྲོན་པ་ཆོས་དཔལ་བཟང་པོ། དེའི་སློབ་མ་སྲོན་པ་ཆོས་དཔལ་བཟང་པོ་ནི། ཤ་བ་སྙན་དཀར་སེང་གེ་རྫོང་དུ་བསྒོམས་པས་སོར་བསམས་འབྱོངས།
སྲོག་རྩོལ་བཙན་ཐབས་མ་གཙོ་བོར་བཏོན་པས་སྲོག་ཐུར་འདྲེས་རྩ་དྲལ་ཏེ། འཛིན་པའི་ཡན་ལག་གྲུབ་ནས། ཁྲིད་འདྲིའི་སྒོ་ནས་གཞན་ཕན་རྒྱ་ཆེ་བ་མཛད། རི་བོ་རྩེ་ལྔར་མཁའ་སྤྱོད་དུ་གཤེགས་སོ༎ མཁན་ཆེན་བསོད་གྲགས་པ།
དེ་ལ་མཁན་ཆེན་བསོད་གྲགས་པས་གསན་ཏེ། དེ་ནི་སྙེ་མོ་ཕུ་གསུམ་དུ་ཆུ་མོ་བྱ་ལ་འཁྲུངས། བཅུ་དགུ་པ་ལ་མཁན་པོ་དཀོན་མཆོག་སྐྱབས་ལས་རབ་ཏུ་བྱུང་། ཉི་ཤུ་པ་ལ་མཁན་པོ་བདེ་བ་དཔལ་བཟང་
པོ། ལས་སློབ་དཀའ་བཞི་བ་གྲགས་པ་གཞོན་ནུ། གསང་སྟོན་གཞོན་ནུ་དར་གྱིས་མཛད་དེ་བསྙེན་པར་རྫོགས། མཁན་སློབ་ལས་ཕར་མངོན་འདུལ་བ་སྤྱོད་འཇུག་སོགས་མང་དུ་གསན། ཁྱད་པར་
དུ་རོང་བ་ཤེས་སེང་ལ་དུས་འཁོར་གྱི་དབང་། སྲོན་པ་ཆོས་དཔལ་བཟང་པོ་ལ་སྦྱོར་དྲུག་གི་ཁྲིད། མཁན་ཆེན་རྒྱལ་མཚན་དཔལ་ལ་སེམས་འགྲེལ་གསུམ་དབང་མདོར་བསྟན་སྦྱོར་དྲུག་ཕྲན་དང་བཅས་པ་