[A:81a]གསན། མཁན་ཆེན་དཀའ་བཞི་བ་ལས་ཐུགས་བསྐྱེད་ཅིང་བློ་སྦྱོང་གསན་པས་ཕྱིས་མཚན་ནས་བརྗོད་པའི་ཚེ་སྤྱན་ཆབ་འབྱིན། ངའི་སེམས་བཟང་བོ་ཁོང་གི་བཀའ་
དྲིན་ཡིན་གསུང་། ཀུན་གྱིས་ཀྱང་བྱང་ཆུབ་སེམས་དཔའ་ཞེས་གསོལ། ཞེ་གསུམ་པ་ལ་ཆོས་ལུང་ཚོགས་པའི་མཁན་པོ་མཛད་དེ་བསླབ་པ་གསུམ་གྱི་བསྟན་པ་རྒྱས་པར་སྤེལ། བླ་མ་གྲགས་པ་དཔལ་ལ་
བསྙེན་སྒྲུབ། ཀུན་མཁྱེན་ཆེན་པོ་ལ་དུས་འཁོར་གྱི་དབང་རྒྱུད་བཤད་མན་ངག་དང་བཅས་པ་གསན། ཁང་བའི་ཀ་བ་འགྱེལ་ཡང་ཐོག་མི་ལྷུང་བ་དང་ཞལ་ཆབ་བཏབ་པ་ཙམ་གྱིས་ལྐུགས་བྱེ་བ་སོགས་
བྱིན་བརླབས་ཀྱི་རྣམ་འཕྲུལ་མང་པོ་བསྟན། བདུན་བཅུ་པ་ལ་མཁན་པོ་བསོད་བཟང་བ་གདན་སར་བསྐོས་ཏེ་ཆོས་ལུང་ཉིད་དུ་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པས་སྤྱན་རས་གཟིགས་དང་སྒྲོལ་མ་ཞལ་
གཟིགས། ལྷ་ཀླུ་གནོད་སྦྱིན་གྱི་ཁྲོམ་ཆེན་པོ་ལ་སེམས་བསྐྱེད་གནང་། གྱ་གཅིག་པ་ཆུ་མོ་སྦྲུལ་ལ་མེ་ཏོག་གི་ཆར་དང་བཅས་ཏེ་བདེ་བར་གཤེགས་སོ༎ དེ་གཉི་ག་ལ་དཔལ་ལྡན་བླ་མ་དམ་པས་གསན་
ཏོ༎ ༎ ཀུན་མཁྱེན་འཕགས་འོད། ཀུན་མཁྱེན་འཕགས་འོད་ནི་མྱང་སྟོད་ཐུ་གུ་དང་ཉེ་བའི་ལ་བེར། ཡབ་རྗེ་བོ་རྡོ་རྗེ། ཡུམ་རྗེ་མོ་རྒྱལ་མཚན་འབུམ་ལ་སྲས་བརྒྱད་ཡོད་པའི་ཐ་ཆུང་ས་ཕོ་འབྲུག་ལ་འཁྲུངས། བྱིས་པའི་[81b"/>དུས་སུ་ནམ་མཁའ་ལ་སངས་རྒྱས་བྱང་སེམས་མང་པོ་གཟིགས་རླུང་དབུ་མར་ཆུད་པར་འདུག་གསུང་། བཅོ་ལྔ་བ་ལ་ཡབ་དང་མཆེད་ཐམས་ཅད་འདས་ནས། ཀུན་མཁྱེན་ཆོས་སྐུ་འོད་ཟེར་ལས་རབ་ཏུ་བྱུང་།
མཚན་འཕགས་པ་འོད་དུ་བཏགས། བརྟག་གཉིས་དང་ཕར་ཕྱིན་ལ་སྦྱངས་ཤིང་། ཡི་གེ་ལྷ་བྲིས་ཀྱང་མཁས་པར་མཁྱེན། ཉི་ཤུ་པ་ནས་ཉེར་ལྔའི་བར་ལ་ཆོས་སྐུ་བ་ལས་དུས་འཁོར་འབྲོ་ལུགས་
ཀྱི་དབང་རྒྱུད་བཤད་ཁྲིད་དང་བཅས་པ། གསང་འདུས། བདེ་དགྱེས། སྒྱུ་ཐོད་གདན་བཞི། མཉམ་སྦྱོར། ཡོ་ག་ལ་སོགས་པ་ཟབ་ཆོས་རབ་འབྱམས་གསན། ཆོས་ཀྱི་གཏད་སར་དགོངས་ནས་
ཞིབ་ཏུ་གནང་། ཉེར་ལྔའི་མཇུག་ལ་སྣར་ཐང་དུ་མཁན་པོ་སྒྲོ་སྟོན་སྨོན་ཚུལ། ལས་སློབ་རིན་བཟང་། གསང་སྟོན་སངས་རྒྱས་རྒྱལ་པོ་རྣམས་ལས་བསྙེན་པར་རྫོགས་ཤིང་འདུལ་བ་གསན། མུ་གེ་བྱུང་
དུས་ལྕེ་ཆུང་གི་བདུད་རྩིའི་བཅུད་ལེན་ཁོ་ནས་སྐུ་འཚོ། མཛོ་ཕོ་ལྷས་པ། གྲང་པོ་ལུང་པ་དཀོན་གཞོན། ཐུགས་ཤེ། ལྕེ་བློ་ལྡན་སེང་གེ་རྣམས་ལས་ཆོས་མང་དུ་གསན། དབེན་གནས་བྱ་བཏང་
དུ་སྐུ་མཚམས་ལ་བཞུགས་པའི་ཚེ། ཀུན་སྤངས་ཆེན་པོས་འདིར་རྒྱུད་འགྲེལ་ཅིག་དང་དུས་འཁོར་གྱི་ཐང་ཀ་ཞིག་འབྲི་བ་ལ་ཤོག་གསུང་པས་ཇོ་མོ་ནང་དུ་བྱོན་པ་དང་། རྒྱུད་ཀྱི་སྙིང་པོ་གསུང་དབུ་ཚུགས་