R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 84b
[A:84b]བྱང་རྡོར་ལ་སོགས་པའི་མི་ཆེན་པོ་རྣམས་ཀྱིས་ཀྱང་ཞབས་ལ་གཏུགས། མདོ་སྡེ་ལུང་སྦྱོར་ཆེ་ཆུང་། རྒྱུད་སྡེ་ལུང་སྦྱོར་ཆེ་ཆུང་རྡོ་རྗེ་ཐེག་པའི་བཅུད་ལེན་སོགས་བསྟན་བཅོས་ཡང་མང་དུ་མཛད། མཐར་གཙང་བོ་
བརྒལ་སྟེ་ཆོས་དབྱིངས་ཕུག་མོའི་གནས་སུ་རྩེ་གཅིག་ཏུ་སྒྲུབ་པ་ལ་བཞུགས། རེ་བཞི་པ་ལྕགས་པོ་སྤྲེའུ་ལ་མཁས་བཙུན་པ་གདན་སར་བསྐོས་ནས། དཔྱིད་ཟླ་ར་བའི་ཚེས་བཅུ་ལ་གཤེགས། སྟེང་ཕྱོགས་འོག་
མིན་གྱི་ལྷ་གནས་ན་བཞུགས་སོ་ཞེས་ཀརྨ་པ་རང་བྱུང་རྡོ་རྗེ་གསུང་ངོ་༎ རྗེ་འདི་ཉིད་ལ་རྒྱུད་འཆད་པ་ལ་མཁས་པ་དང་། སྦྱོར་དྲུག་ལ་མྱོང་རྟོགས་ཐོབ་པའི་སློབ་མ་གྲངས་མེད་ཅིང་ཕྱིར་མི་ལྡོག་པའི་ས་ཐོབ་པ་ཡང་
བརྒྱ་ཕྲག་མང་དུ་བྱུང་བ་ལས། མཆོག་ཏུ་གྱུར་པ་ནི། སྟག་ལུང་པ་རཏྣ་ཀ་ར། ཤ་གྲགས་སེང་བ། གྲུབ་ཐོབ་དར་ཡུལ་བ། མཁས་བཙུན་ཡོན་ཏན་རྒྱ་མཚོ་དང་བཞི་ལས། སྟག་ལུང་པ་རཏྣ་ཀ་ར་ནི། ཇོ་མོ་ནང་དུ་
བྱོན་ནས་བྱང་སེམས་པ་ལ་སྦྱོར་དྲུག་དང་རྒྱུད་འགྲེལ་རྫོགས་པར་གསན་པས། ཏིང་ངེ་འཛིན་གྱི་སྒོ་དཔག་མེད་བྱེ། སློབ་མ་མང་པོ་སྦྱོར་དྲུག་གིས་ཁྲིད་པར་མཛད་དོ༎ ༎ ཞྭ་དམར་ཅོད་པན་འཛིན་པ་ཤ་གྲགས་སེང་། ཞྭ་དམར་ཅོད་པན་འཛིན་པ་ཤ་
གྲགས་སེང་བ་ནི། སྤོམ་པོར་གྱི་སའི་ཆར། ཕ་ཚན་ཤ་འབུ་གཉིས་ལས་ཤ། གདུང་དབྲད་གུ ཡབ་སྟག་ཆུང་། ཡུམ་ཨ་རྒོད་ཀྱི་སྲས་སུ་ཆུ་མོ་ལུག་ལ་འཁྲུངས། ཁེང་ཡེ་ཤེས་སེང་གེ་ལས་རབ་ཏུ་བྱུང་ཞིང་