R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 85a
[A:85a]གདམས་པ་མང་པོ་མནོས། ཁམས་ནས་དབུས་སུ་ཕེབས་ཏེ་གསང་ཕུར་འཇམ་དབྱངས་ཤཱག་གཞོན་དང་། བློ་གྲོས་མཚུངས་མེད་ལས་མཚན་ཉིད་ཀྱི་སྡེ་སྣོད་ལེགས་པར་
སྦྱངས། ཆོས་རྗེ་རང་བྱུང་རྡོ་རྗེ་ལ་ཆོས་དྲུག་ཞུས་པས་ཉམས་རྟོགས་ཀྱི་རྩལ་ཐོན། ཨྱོན་དུ་འབྱོན་པར་དགོངས་ཏེ་གཙང་ཕྱོགས་ལ་བྱོན། ཇོ་མོ་ནང་དུ་བྱང་སེམས་པ་དང་མཇལ། ང་ཀརྨ་པའི་གྲ་བ་ཡིན། མིང་
གྲགས་པ་སེང་གེ་ཟེར། ད་ཨོ་རྒྱན་དུ་འགྲོ་བ་ལགས་ཞུས་པས། རྒྱ་གར་གྱི་བསྟན་པ་ནུབ། ཏུ་རུཥྐའི་བར་ཆད་འོང་བསམ་འབྱོན་གསུང་། དད་པ་ཆེར་སྐྱེས་ཏེ་དུས་འཁོར་གྱི་དབང་དང་། སོར་བསྡུད་ཞུས་ནས་བསྒོམས་པས་རྟགས་རྣམས་རྫོགས་པར་བྱུང་བ་སོགས་ཞུས་པས། རྗེས་དྲན་ལ་སླེབས་ནས་གདའ། ཅིག་ཆར་བའི་རིས་སུ་འདུག་གསུང་། དེ་ནས་བྱང་སེམས་པ་ཆོས་དབྱིངས་ཕུག་མོའི་བྲག་ཏུ་བཞུད་པའི་ཕྱག་
ཕྱིར་བྱོན། ལོ་གཅིག་བཞུགས་པས་སྦྱོར་དྲུག་གི་ཁྲིད་རྫོགས་པར་གནང་ཞིང་། རྒྱ་གཞུང་མང་པོའི་ལུང་དང་། གཞན་ལ་སྟོན་ཅིག་པའི་བཀའ་གཏད་ཀྱང་ཐོབ། སྒྲོལ་མས་ཀྱང་ཨྱོན་དུ་མི་བགྲོད་པའི་ལུང་བསྟན་
བྱུང་བས། འབྱོན་པའི་སྒྲོས་པ་བཅད། དེ་ནས་མི་ལའི་རྫོང་དྲུག་ལ་ཐེགས་པའི་ལམ་དུ་དཔང་ལོ་ལ་དོན་དམ་བསྙེན་པ་གསན། ས་སྐྱའི་གོང་གི་འདྲི་ལྕམ་བྱ་བའི་རི་ཁྲོད་ཅིག་ན་ཁམས་པ་སྦྱོར་དྲུག་པ་ལས་རྒྱ་མཛད་