[A:93b]ཏོ༎ ༎
ཀུན་སྤངས་ཆོས་གྲགས་དཔལ་བཟང་པོ།
ཀུན་སྤངས་ཆོས་གྲགས་དཔལ་བཟང་པོ་ནི། འཇམ་དབྱངས་འཁོན་སྟོན་པ་ལ་དུས་འཁོར་འབྲོ་ལུགས་ཀྱི་དབང་དང་རྒྱུད་ཀྱི་ལུང་ཞུས། མཁས་བཙུན་ཡོན་ཏན་རྒྱ་མཚོ་ལོ་ལྔའི་བར་དུ་འབྲལ་མེད་དུ་
བསྟེན་ནས། དབང་དང་སེམས་འགྲེལ་སྐོར་གསུམ་མན་ངག་དང་བཅས་པ་གསན། དཔང་ལོ་ལ་སྒྲ་སྣ་སྡེབས་སྦྱོར་མངོན་བརྗོད་སོགས་ཐ་སྙད་ཀྱི་གཙུག་ལག་མང་པོ་དང་བཀའ་བསྟན་བཅོས་མང་པོ་གསན་རྗེས།
དབང་གིས་རྒྱུད་འབྲེལ་རྒྱ་དཔེའི་སྟེང་ནས་གསུངས། རྗེ་འདིས་ཤོད་འགྱུར་བཀྲམ་ནས་འགྱུར་མི་བཅོས་སུ་མི་རུང་བ་རྣམས་ལ་ཞུ་ཆེན་ཞུ་ཞིང་བོད་དཔེ་ལ་མཆན་དུ་ཡང་བཏབ། བསྐུལ་བ་པོ་མཛད་ནས་དབང་གིས་རྡོ་
རྗེ་སྙིང་འགྲེལ་དང་། ནཱ་རོ་འགྲེལ་ཆེན་གཉིས་དང་། དཔེ་མེད་འཚོའི་སྦྱོར་དྲུག་རྩེ་འགྲེལ་གྱི་འགྱུར་བཅོས་གྲུབ་ཅིང་གསན། ཀུན་མཁྱེན་ཆེན་པོ་ལ་དབང་མན་ངག་རྒྱུད་བཤད་ཚར་བཞི། གཞན་ཡང་ཆོས་
མང་དུ་གསན་པས། ངེས་པའི་དོན་གྱི་བཀའ་དང་བསྟན་བཅོས་ཀྱི་དོན་ཚུལ་བཞིན་དུ་རྟོགས་པ་ནི་འདི་ཉིད་ཀྱི་བཀའ་དྲིན་ཁོ་ན་ཡིན་གསུང་། བུ་སྟོན་རིན་པོ་ཆེ་ལ་ཡང་གསན་པ་རྒྱ་ཆེར་མཛད། ལོ་ཙཱ་ཡང་མཁས་
པར་མཁྱེན་པས། འཇམ་དཔལ་ལྟ་འདོད་མདོར་བསྟན་བཞི་འགྱུར་ཡང་མཛད་དོ༎ ༎ ས་བཟང་མ་ཏི་པཎ་ཆེན། ས་བཟང་མ་ཏི་པཎ་ཆེན་ནི། མཚན་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་པ་མཁས་གྲུབ་ཆེན་པོ་ཞིག་གོ།