R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 94a
[A:94a]འདི་ལ་ས་བཟང་འཕགས་པ་གཞོན་ནུ་བློ་གྲོས་དང་། རིན་རྒྱལ་བ་སོགས་སློབ་མ་མང་དུ་བྱུང་བ་ལས། རིན་རྒྱལ་བ་ནས་ཆོས་ཀྱི་རྒྱལ་མཚན། འཁྲུལ་ཞིག་པ། བདག་གི་བླ་
མ་དུས་ཞབས་པའོ༎ ༎ ལོ་ཙཱ་བ་བློ་གྲོས་དཔལ་ནི། ལྕགས་ཕོ་བྱི་བ་ལ་སྐུ་འཁྲུངས། ཀུན་མཁྱེན་ཆེན་པོ། དཔང་ལོ་ཙཱ་བ། བུ་སྟོན་རིན་པོ་ཆེ་སོགས་མཁས་པ་མང་དུ་བསྟེན་ནས། རིག་པའི་
གནས་ཇི་སྙེད་པ་དང་སྡེ་སྣོད་མཐའ་དག་ལ་ལེགས་པར་སྦྱངས། ཁྱད་པར་དུས་འཁོར་ལ་མཆོག་ཏུ་མཁས་པར་གྱུར་ནས། སོ་ལྔ་པ་ཁྱི་ལོ་ལ་མ་ཏི་པཎ་ཆེན་དང་རྣམ་པ་གཉིས་ལ་ཀུན་མཁྱེན་ཆེན་པོས་
བཀའ་གནང་ནས། རྒྱུད་འགྲེལ་ཤོང་འགྱུར་ལ་བུ་མཆན་འགྱུར་བཅོས་ཡོད་པ་རྣམས་ཇི་ལྟ་བ་བཞིན་དུ་བྲིས། དཔང་ལོའི་འགྱུར་བཅོས་ལ་ཡང་བརྟེན་ནས་འགྱུར་བཅོས་དག་པར་བཅོས། སོ་དགུ་པ་ས་ཕོ་
སྟག་ལ་ཇོ་མོ་ནང་གི་གདན་སར་བཞུགས་ཏེ་གཞན་ཕན་རྒྱ་ཆེ་བར་མཛད་ཅིང་། བསྟན་བཅོས་ཀྱང་མང་དུ་བརྩམས་ལོ་བཅུ་བདུན་གྱི་བར་དུ་གདན་ས་བསྐྱངས་ནས་ང་ལྔ་པ་ཤིང་ཕོ་རྟ་ལ་ཞི་བར་གཤེགས་སོ༎ ༎ ཞང་སྟོན་བསོད་ནམས་གྲགས་པ།
ཞང་སྟོན་རྒྱ་བོ་ནི་མཚན་བསོད་ནམས་གྲགས་པ། ཀུན་མཁྱེན་ཆེན་པོ་ལ་དབང་རྒྱུད་བཤད་མན་ངག་མཐའ་དག་མནོས། ཡོངས་སུ་རྫོགས་པའི་མཁས་གྲུབ་ཆེན་པོར་གྱུར་ནས། ཡར་འབྲོག་