R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 94b
[A:94b]དོའི་ཁ་བ་ལུང་དུ་བཞུགས་ཏེ་གཞན་ཕན་རྒྱ་ཆེན་པོ་མཛད་དོ༎ དེ་ལ་དཀའ་བཞི་བ་ཆོས་ཀྱི་རྒྱལ་མཚན། འཁྲུལ་ཞིག་པ། བདག་གི་བླ་མ་དུས་ཞབས་པ་སྟེ། དབང་ཁྲིད་ཀྱི་བརྒྱུད་པའོ༎ ༎ ཐང་ཆེན་པ་ཀུན་དགའ་འབུམ།
ཐང་ཆེན་པ་ཀུན་དགའ་འབུམ་ནི། བུ་དོལ་གཉི་ག་ལས་དུས་འཁོར་ཆ་ལག་དང་བཅས་པ་གསན། ཁྱད་པར་ཀུན་མཁྱེན་ཆེན་པོ་ལ་རྩ་བའི་བླ་མ་མཆོག་ཏུ་འཛིན་ཞིང་འབུལ་མོ་ཆེ་ཡང་མཛད། ཚལ་དབུས་
གླིང་དུ་འཕྲིན་ལས་བསྐྱངས། ཏ་སི་ཆེན་པོའི་བཀས་རང་གི་གྲྭ་སར་བྱོན་ཏེ་ལྷ་རི་དགོན་པར་བཞུགས་ནས་བསྟན་པ་ལ་ཕན་པར་མཛད་དོ༎ ༎ ༡༤ ཉ་དབོན་ཀུན་དགའ་དཔལ། ཉ་དབོན་པོ་ཀུན་དགའ་དཔལ་ནི། ཉ་སྟོན་དར་
རིན་གྱི་དབོན་པོ་ཡིན་ཏེ་གདོན་གྱིས་མཉེལ་བ་ལ་ཀུན་མཁྱེན་ཆེན་པོའི་དྲུང་དུ་བྱིན་བརླབས་ཞུས་མ་ཐག་ནད་ལས་གྲོལ། ཀུན་མཁྱེན་ཆེན་པོའི་ཞལ་ནས་ལོ་སྒྲུབ་ལོ་གསུམ་གྱིས་དང་སྤྱན་རས་གཟིགས་
དང་མངོན་སུམ་དུ་མཇལ་ནས་མདོ་རྒྱུད་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པའི་དོན་ཐམས་ཅད་ཤེས་པ་ངས་ཁག་ཐེག ངས་ཀྱང་མདོ་རྒྱུད་ཀྱི་ཚིག་དོན་མ་ཤེས་པ་ཐམས་ཅད་བླ་མ་དཀོན་མཆོག་དང་
ཐུགས་རྗེ་ཆེན་པོ་ལ་གསོལ་བ་བཏབ་པས་རྒྱལ་པའི་དགོངས་པ་ཕྱིན་ཅི་མ་ལོག་པ་ཤེས་པ་ཡིན། མ་ཤེས་པ་ཐན་ཐུན་བྱུང་ཡང་ཐུགས་རྗེ་ཆེན་པོ་ལ་ཞུས་པས་ཆོག་པ་ཡིན་གསུངས་པས། བཀའ་བཞིན་