[A:95a]བསྒྲུབས་པས་ཡི་དམ་གྱིས་ཞལ་གཟིགས། དུས་ཀྱི་འཁོར་ལོ་སོགས་བཀའ་དང་བསྟན་བཅོས་རྒྱ་མཚོའི་ཕ་རོལ་ཏུ་སོན། འཆད་ཉན་ཡུན་རིང་དུ་མཛད་པས་སློབ་མ་མཁས་པ་མང་དུ་ཐོན་པ་
ཉིད་དོ༎ མཁས་པ་རིན་ཆེན་མཆོག མཁས་པ་རིན་ཆེན་མཆོག་ནི། དེ་བཞིན་དུ་ལོ་གསུམ་བསྒྲུབས་པས་ཐུགས་རྗེ་ཆེན་པོའི་ཞལ་གཟིགས་ཏེ་སྡེ་སྣོད་རབ་འབྱམས་མཁྱེན་ནས་བསྟན་པ་གསལ་བར་མཛད་པ་ཉིད་དོ༎ ཁམས་པ་ངག་དབང་། ཁམས་པ་ངག་
དབང་ནི། ཀུན་མཁྱེན་ཆེན་པོའི་ཞབས་ལ་ཐུག་ནས་ཟབ་ཆོས་རྣམས་གསན། བདག་འཇམ་དབྱངས་དང་མཇལ་བ་ཅིག་དྲུང་ནས་མཁྱེན་ཞུས་པས། སློབ་མའི་རྨི་ལམ་དུ་བླ་མས་རྡོར་དྲིལ་མགོ་ཐོག་ཏུ་བཞག་
ནས་ལག་ཏུ་གཏད་པ་དང་། སྔགས་ཀྱི་རྗེས་གནང་མཛད་པ་རྨིས་ན། བླ་མ་དེ་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་ཡིན་ཞིང་སློབ་མ་ཡང་སྣོད་དང་ལྡན་པ་ཡིན། ཁྱེད་རང་མོས་གུས་བྱས་ཤིང་སྒྲུབ་པ་ལོ་
གསུམ་བྱས་ན་དོན་དེ་འགྲུབ་པ་ཡིན། གཞན་དོན་རྒྱ་ཆེན་པོ་བྱེད་པའི་བླ་མ་ཅིག་འཚལ་གསུང་བས། བཀའ་བཞིན་ས་སྐྱ་ཟུར་ཁང་དུ་མཚམས་དམ་པོ་བྱས་པའི་སྐབས་ཤིག་ཏུ་རྨི་ལམ་ན་ཀུན་མཁྱེན་ཆེན་པོ་ཚོགས་
ཀྱི་འཁོར་ལོ་མཛད་པའི་དྲུང་དུ་ཕྱིན་པས། ཕྱག་གིས་རྡོར་དྲིལ་མགོ་ཐོག་ཏུ་བཞག་ཨ་ར་པ་ཙ་ནའི་རྗེས་གནང་མཛད་པ་རྨིས། མཧཱ་ཀཱ་ལ་ལ་གཏོར་མ་མ་བརྗེད་པར་ཐོང་ཟེར་བའི་སྒྲ་ཅིག་ཀྱང་བྱུང་བ་