R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 95b
[A:95b]དང་། སྔར་གྱི་ལུང་བསྟན་དྲན་ནས་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱིས་གསོལ་བ་དྲག་ཏུ་བཏབ་པས། སྒོ་གསུམ་ལ་ཡེ་ཤེས་ཕེབས་པའི་རྣམ་འགྱུར་མང་པོ་བྱུང་བ་ལ་གྲོགས་རྣམས་ཀྱིས་སྨྱོ་འདུག་ཟེར་བ་
ཡང་བྱུང་། འཇམ་དཔལ་གྱི་ཞལ་མཐོང་། དུས་འཁོར་དང་ངེས་དོན་གྱི་བསྟན་བཅོས་མཐའ་དག་ལ་མཁས་ཤིང་འགྲོ་ཕན་ཆེ་བར་བྱུང་ངོ་༎ ༎ ཤངས་པ་རྡོ་རྗེ་པ། ཤངས་པ་རྡོ་རྗེ་པ་ནི། ཀུན་མཁྱེན་ཆེན་པོའི་ཞབས་
ལ་བཏུགས་ཏེ། དུས་འཁོར་དང་ངེས་དོན་གྱི་བསྟན་བཅོས་ལ་མཁས་ཤིང་། ཐུགས་དམ་ཉམས་རྟོགས་ཤིན་ཏུ་མཐོ། ཤངས་སུ་དགོན་པ་བཏབ་ནས་ཀུན་མཁྱེན་ཆེན་པོ་རབ་གནས་ལ་གདན་དྲངས་པས།
མིང་དུས་འཁོར་བདེ་ཆེན་གླིང་དུ་བཏགས་འགྲོ་ཕན་ཡང་ཆེ་བར་བྱུང་ངོ་༎ གྲུབ་ཐོབ་དབུས་པ། གྲུབ་ཐོབ་དབུས་པ་ནི། ཇོ་མོ་ནང་ཉིད་དུ་འདག་འབྱར་ལ་རྩེ་གཅིག་ཏུ་བཞུགས་པ་ལས། སྐབས་འགར་བུག་སྒོ་ལས་དོག་པ་མེད་
པར་ཐོན་ཏེ་ནམ་མཁའ་ལ་འཕགས་ནས་སྐུ་འབུམ་ཆེན་མོ་ལ་བསྐོར་བ་བྱེད་པ་དང་། ཇི་ཙམ་གསོལ་ཀྱང་ཡོག་ཅིང་ཟག་པ་མི་འབྱུང་ལ་གྲུབ་པའི་མཚན་མ་མང་དུ་སྟོན་པ་ཞིག་གོ། བླ་མ་མཁའ་སྤྱོད་པ་ནི།
འདག་འབྱར་ཁོ་ན་ལ་བཞུགས་པ་ལས། ནམ་ཞིག་མེད་པར་ཤེས་ནས་བུག་སྒོ་བཤིག་པས་ན་བཟའ་ཙམ་ལུས་པ་ཞིག་བྱུང་ངོ་༎ ༎ ཁམས་པ་ཐུགས་བརྩོན། ཡང་ཁམས་པ་ཐུགས་བརྩོན་ཞེས་པ་ས་སྐྱ་བའི་དགེ་