[A:96a]བཤེས་ཕར་ཚད་མངོན་སུམ་ལ་མཁས་པ་ཞིག་གིས། དབུས་ཕྱོགས་སུ་གྲ་བསྐོར་ལ་ཕྱིན་པའི་ལམ་ཞོར་ལ། ཇོ་མོ་ནང་དུ་ཕྱིན་ལོ་ཙཱ་བ་དང་མཇལ་ནས་ཆོས་འབྲེལ་ཞུས། ཀུན་
མཁྱེན་ཆེན་པོ་དང་མཇལ་དོགས་ནས་སྐུ་འབུམ་ཆེན་མོའི་བསྐོར་ལོག་ལ་ཕྱིན་པས་གཏུག་གིས་མཇལ་ནས་རང་དབང་མེད་པར་ཕྱག་འབུལ་དགོས་བྱུང་། དུས་ཕྱིས་མཚུར་ཕུ་གནས་ནང་དུ། ཞྭ་དམར་
ཅོད་པན་འཛིན་པ་ཤ་གྲགས་སེང་བའི་དྲུང་དུ། དྲུང་ནས་མངོན་ཤེས་ཐོགས་པ་མེད་པ་མངའ་བ་ལགས་པས། ཀུན་མཁྱེན་ཇོ་ནང་བ་འདི་བདུད་གང་གི་སྤྲུལ་པ་ལགས་ཞུས་པས། དབུ་ཧྲིལ་གྱིས་
གཏུམས་ནས་ཁྱོད་ཀྱིས་ལབས་ཚར་རམ་གསུང་། དེ་ཅི་ལབས་ཞུས་པས། ཁྱོད་དེ་འདྲ་མ་ཟེར་དེ་ནི་རིགས་ལྡན་གྱི་སྤྲུལ་པ་ཡིན། འདིའི་རྒྱུ་མཚན་མང་དུ་སྨྲས་ན་སྒོམ་ཆེན་པའི་ཟོག་ཡིན་ཟེར་དུ་
འོང་། ངའི་ངག་ལ་ཉན་ན། ཀུན་མཁྱེན་པ་ཉིད་ལ་མཚེར་བ་མ་བྱེད་པར་བཤགས་པ་གྱིས་ཁོང་གིས་རྗེས་སུ་འཛིན་པར་འདུག་གསུངས་པས། དེ་མ་ཐག་ཀུན་མཁྱེན་ཆེན་པོ་ཆུ་བཟང་ན་བཞུགས་འདུག་
པའི་དྲུང་དུ་ཕྱིན། གསེར་གྱི་མཎྜལ་ཕུལ། བཤགས་པ་བྱས། ཞབས་བཀྲུས་པའི་ཁུ་བ་འཐུངས་ནས་ཁྲིད་ཞུས་པས་ཉམས་རྟོགས་བཟང་པོ་སྐྱེས་སོ༎ གཡག་སྡེ་པཎ་ཆེན། གཡག་སྡེ་པཎ་ཆེན་ནི། གཡག་སྡེ་བྱེ་མར་