R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 9b
[A:9b]དབུས་མརྐཏ་སྟེ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་རི་རབ། རྩ་བ་ཟླུམ་པོའི་རྒྱར་དཔག་ཚད་ཁྲི་དྲུག་སྟོང་། དབུས་སུ་འབུམ་ཡོད་པ་རིམ་གྱིས་སྦོམ་དུ་སོང་པས་རྡོ་རྗེ་རྩེ་ལྔ་པ་གདེངས་པ་ལྟར་སྟོང་རྭ་ལྔ་དང་ལྡན་
པ། གཡས་གཡོན་གྱི་རྭའི་བར་ལ་དཔག་ཚད་ལྔ་ཁྲི་པ། རྩ་བར་འགྲམ་སྟེགས་ལྟ་བུའི་དཔག་ཚད་སྟོང་ཕྲག་གཅིག་པའི་མུ་འཁྱུད་ཀྱིས་བསྐོར་པ། དེའི་ཕྱི་ནས་གླིང་དང་། མཚོ་དང་། རི་དྲུག་སྤེལ་པས་
ཟླུམ་པོར་བསྐོར་བ་ནི་ལོངས་སྤྱོད་ཀྱིས་སྟེ། ལྷ་དང་མི་དང་མིའམ་ཅི་སོགས་གནས་ལ། དེ་དག་རི་རབ་ཀྱི་རྭའི་ཁོངས་སྐྱིབས་ན་ཡོད་དོ༎ དེའི་ཐ་མ་ནི་གངས་རི་སྟེ། དེའི་ཕྱི་རོལ་ན་གླིང་བདུན་པ་འཛམ་བུའི་གླིང་ཆེན་
པོ་དཔག་ཚད་ཉི་ཁྲི་ལྔ་སྟོང་པས་བསྐོར་བ་ནི་སའི་ཁོར་ཡུག་གོ། དེ་ལ་ཕྱོགས་བཞིར་དུམ་བུ་གསུམ་གསུམ་གནས་པས་བཅུ་གཉིས་སུ་བྱས་པ་ནི་ལས་ཀྱི་སའོ༎ དུམ་བུ་རེ་རེ་ལས་ཆུ་ཀླུང་དྲུག་སྟོང་དྲུག་སྟོང་
རྒྱ་མཚོར་འབབ་པས་ས་དེ་དག་ཕལ་ཆེར་རྒྱ་མཚོ་དང་འབྲེལ་བའི་ཆུས་གང་བའི་བར་བར་དུ་གླིང་རྣམས་དོད་པ། དུམ་བུ་སོ་སོའི་རང་རང་གི་ཕྱེད་ནང་མར་གླིང་ཆེན་རེ་རེ། དེ་སོ་སོ་ལ་གླིང་ཕྲན་བདུན་སྟོང་བདུན་
སྟོང་གིས་བསྐོར་བ། ཕྱོགས་བཞིའི་གླིང་ཆེན་དབུས་མ་ལ་ནི་ཤར་དུ་ལུས་འཕགས་གླིང་ཟླ་གམ་གྱི་རྣམ་པ་དཔག་ཚད་བདུན་སྟོང་དང་། ལྷོར་འཛམ་བུའི་གླིང་ཆུང་ངུ་གྲུ་གསུམ་རྩེ་ནང་དུ་བསྟན་པ་དཔག་ཚད་