[A:10a]བརྒྱད་སྟོང་དང་། བྱང་དུ་སྒྲ་མི་སྙན་ཟླུམ་པོ་དཔག་ཚད་དགུ་སྟོང་དང་། ནུབ་ཏུ་བ་ལང་སྤྱོད་གྲུ་བཞི་དཔག་ཚད་ཁྲིའི་ཚད་དང་ལྡན་པ། སའི་ཁོར་ཡུག་གི་ཕྱིའི་ཆུའི་ཁོར་
ཡུག་ལ་ལན་ཚྭའི་རྒྱ་མཚོ་ཞེས་བྱ་ཞིང་། མེའི་ཁོར་ཡུག་ལ་རྡོ་རྗེ་རི་དང་རྟ་གདོང་གི་མེ་ཞེས་ཀྱང་བྱའོ༎ ས་ཆུ་མེ་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་སྟེང་ནས་རིམ་པ་བཞིན་ལྷ་མ་ཡིན་དང་། ཀླུ་དང་། གསེག་
མའི་ཆུའི་དམྱལ་བ་དང་། བྱེ་མའི་ཆུ་དང་། འདམ་གྱི་ཆུའི་དམྱལ་བ་དང་། དུ་བ་མི་བཟད་པ་དང་། མེའི་དམྱལ་བ་དང་། མུན་པ་ཆེན་པོ་དང་། ངུ་འབོད་དང་། ཁབ་རྩེའི་དམྱལ་བ་རྣམས་གནས། ལྷུན་པོ་ལ་
རྒྱལ་ཆེན་རིས་བཞི་དང་། སུམ་ཅུ་རྩ་གསུམ་པ་གནས་ཤིང་། རི་རབ་ཀྱི་སྟེང་གི་ནམ་མཁའ་དཔག་ཚད་ཉི་ཁྲི་ལྔ་སྟོང་གི་ཚད་ལ་འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་རྣམས་
གནས་ཏེ། དེ་ལྟར་ན་དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་དང་། ལྷ་མ་ཡིན་དང་མི་དང་འདོད་ལྷ་རིས་དྲུག་སྟེ་འདོད་ཁམས་གནས་རིགས་བཅུ་གཅིག་གོ། དེའི་སྟེང་དུ་དཔག་ཚད་ལྔ་ཁྲིའི་ཚད་ཀྱི་ནམ་མཁའ་
ལ་ཟད་པར་ས་ཆུ་མེ་རླུང་གི་གནས་བཞི་བཞི་སྟེ། ཚངས་རིས། ཚངས་པ་མདུན་ན་འདོན། ཚངས་ཆེན། འོད་ཆུང་། ཚད་མེད་འོད། འོད་གསལ། དགེ་ཆུང་། ཚད་མེད་དགེ། དགེ་རྒྱས། སྤྲིན་