[A:96b]ཡབ་་དཀོན་མཆོག་དཔལ་དང་ཡུམ་སྐྱ་རྒྱལ་ཆོས་སྐྱིད་ཀྱི་སྲས་སུ་ས་མོ་ཕག་ལ་འཁྲུངས། མཁན་ཆེན་འོད་འབྱུང་ལས་བསྙེན་པར་རྫོགས། བློ་གྲོས་མཚུངས་མེད་ལ་ཕར་ཚད་སོགས་གསན། ཀརྨ་
པ་རང་བྱུང་རྡོ་རྗེ། ཤ་གྲགས་སེང་བ། ལ་སྟོད་པ་དབང་རྒྱལ་རྣམས་ལ་སྦྱོར་དྲུག ཀུན་སྤངས་ཆོས་གྲགས་དཔལ་བཟང་པོ་ལ་རྒྱུད་འགྲེལ་གྱི་བཤད་པ། གཡུང་སྟོན་པ་ལ་ཙ་མི་ལུགས་ཀྱི་རྒྱུད་
འགྲེལ་གྱི་ལུང་དབང་དང་བཅས་པ། བུ་སྟོན་པ་ལ་ཡོངས་རྫོགས་ཀྱི་དབང་རྒྱུད་བཤད། ཀུན་མཁྱེན་ཆེན་པོ་ལ་བརྒྱུད་བཤད་མཆོག་དབང་། སྦྱོར་དྲུག་གི་ཁྲིད། ངེས་དོན་རྒྱ་མཚོ་སོགས་གསན།
སྤྱིར་བླ་མ་བརྒྱ་དང་རྩ་བརྒྱད་བསྟེན། སྐུ་ཚེའི་སྟོད་ཡོ་བྱད་སྲབ་པ་ལ་སྐྱེས་མཆོག་བསམ་གཏན་དཔལ་བས་ལོངས་སྤྱོད་ཀྱི་རྟེན་འབྲེལ་བསྒྲིགས་པས་ལེགས་པར་འགྲིག་སྟེ། ན་ནིང་བར་ངའི་ཁས་
སྐྱོ་མ་མ་རྙེད། ད་ནི་སྐྱོ་མས་ངའི་ཁ་མི་རྙེད་པར་འདུག་གསུངས། དེ་ནས་ཨ་ཝཾ་གྱི་དགོན་པ་བཏབ་ནས་མངོན་པར་ཤེས་པ་དང་ལྡན་པས་གཞན་དོན་རྒྱ་ཆེར་མཛད། བརྒྱད་ཅུ་པ་ས་ཕོ་རྟའི་ལོ་
ལ་ཞི་བར་གཤེགས་སོ༎ སློབ་མ་ཡང་མཁས་ཤིང་ཟབ་མོའི་ཐུགས་དམ་ལ་མངའ་བརྙེས་པ། རི་ཁྲོད་པ་མགོན་པོ་ཡེ་ཤེས་དང་། འཇམ་དབྱངས་ཆོས་མགོན་པ་དང་། མཁས་གྲུབ་