R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 97a
[A:97a]བྱང་ཆུབ་རྒྱལ་མཚན་དང་། མཁན་ཆེན་སངས་རྒྱས་བློ་གྲོས་ལ་སོགས་པ་མང་དུ་བྱོན་ནོ༎ ༎ རི་ཁྲོད་པ་མགོན་པོ་ཡེ་ཤེས། རི་ཁྲོད་པ་མགོན་པོ་ཡེ་ཤེས་ཀྱིས་པཎ་ཆེན་གཤེགས་རྗེས། ལོ་ཤས་ཨེ་ཝཾ་
གྱི་གདན་སར་བཞུགས་ནས་ཝ་སྣའི་དགོན་པ་བཏབ་ཏེ་གཞན་ཕན་རྒྱ་ཆེ་བར་མཛད་དོ༎ འཇམ་དབྱངས་ཆོས་མགོན་པ་ནི། ཀུན་མཁྱེན་ཆེན་པོ། བུ་སྟོན་རིན་པོ་ཆེ། གཡག་སྡེ་པཎ་ཆེན། ཁྱད་པར་དུ་ཆོས་
རྗེ་ཕྱོགས་རྒྱལ་བ་ལས་དབང་རྒྱུད་འགྲེལ་གྱི་བཤད་པ་ལན་མང་པོ་མན་ངག་ཕྲན་དང་བཅས་པ་ཡོངས་སུ་རྫོགས་པར་གསན་པས་མཁས་པར་གྱུར་ནས་ཨེ་ཝཾ་གྱི་གདན་སར་བཞུགས་ཏེ། མངོན་དཀྱིལ་རྩིས་
ཀྱི་བསྟན་བཅོས་སོགས་མཛད། རྒྱུད་འགྲེལ་གྱི་བཤད་པ། མངོན་དཀྱིལ་གྱི་ལག་ལེན། སྦྱོར་དྲུག་གི་དུས་ཁྲིད་ལེགས་པར་གསུང་ཞིང་གཞན་ཕན་མཛད་དོ།། འཇམ་དབྱངས་རིན་ཆེན་རྒྱལ་མཚན། དེའི་གདན་ས་འཇམ་དབྱངས་རིན་ཆེན་རྒྱལ་
མཚན་ནི། ཞང་སྟོན་རྒྱ་བོ། ཆོས་མགོན་པ། རྟོགས་ལྡན་སྔོན་ལམ་རྣམས་ལས་དབང་རྒྱུད་བཤད་མན་ངག་མནོས། སྡེ་སྣོད་སྤྱི་དང་ཁྱད་པར་དུས་འཁོར་ལ་མཆོག་ཏུ་མཁས་པ། མངོན་པར་
མཁྱེན་པ་མངའ་ཞིང་། དུས་སྦྱོར་རེར་རླུང་བུམ་པ་ཅན་འཆིང་ནུས་པ། གྲུབ་པ་བརྙེས་པ་ཞིག་གོ། དེ་ལ་བདག་གི་བླ་མ་དུས་འཁོར་བ་ཆེན་པོ་འཕགས་པ་རིན་པོ་ཆེས་རྒྱུད་འགྲེལ་གྱི་བཤད་པ་