R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 10b
[A:10b]མེད། བསོད་ནམས་སྐྱེས། འབྲས་བུ་ཆེ། མི་ཆེ་བ། མི་གདུང་བ། ཤིན་ཏུ་མཐོང་། འོག་མིན་ཏེ་གཟུགས་ཁམས་གནས་རིགས་བཅུ་དྲུག་གོ། དེའི་སྟེང་གི་ནམ་མཁའ་དཔག་ཚད་ཉི་ཁྲི་ལྔ་སྟོང་
ལ་ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པའི་སྐྱེ་མཆེད། འདུ་ཤེས་མེད་འདུ་ཤེས་མེད་མིན་ཏེ་གཟུགས་མེད་པ་བཞི་གནས་སོ༎ དེ་ལྟར་ན་འོག་རླུང་གི་མཐའ་ནས་སྲིད་
རྩེའི་བར་དང་། ཐད་ཀར་རླུང་གི་མཐའ་ནས་རླུང་གི་མཐའི་བར་གཉི་ག་དཔག་ཚད་འབུམ་ཕྲག་བཞི་པ་ཡིན་ནོ༎ དེ་ཡང་མི་མཇེད་འཇིག་རྟེན་གྱི་ཁམས་དབུས་སུ་བྱས་ནས། ཕྱོགས་བཅུ་ཀར་དེ་ལྟ་བུ་སྟོང་
ཕྲག་རེ་རེ་གནས་པ་ལ་སྟོང་གཅིག་པ་ཞེས་བྱ་ལ། དེ་ལ་ནི་འཇིག་རྟེན་གྱི་ཁམས་ཐེར་འབུམ་བརྒྱད་ས་ཡ་ཕྲག་བཅུ་གཉིས་དྲུག་སྟོང་དང་གཅིག་ཡོད་དོ༎ ཕྱོགས་བཅུ་གར་སྟོང་ཕྲག་གཉིས་ཡོད་པ་ནི་སྟོང་
གཉིས་པ་ཡིན་ལ། དེ་ལ་ནི་ཐེར་འབུམ་དྲུག་ཅུ་རྩ་བཞི་བྱེ་བ་བཞི་ས་ཡ་བརྒྱད་ཁྲི་ཉིས་སྟོང་དང་གཅིག་ཡོད་དོ༎ ཕྱོགས་བཅུ་གར་སྟོང་ཕྲག་གསུམ་པ་ནི། སྟོང་གསུམ་གྱི་འཇིག་རྟེན་ཞེས་བྱ་བ་ལྷན་
ཅིག་ཏུ་འཆགས་པ་ཡིན་ལ། དེ་ལ་ནི་ཁྲག་ཁྲིག་གཉིས་ཐེར་འབུམ་བཅུ་དྲུག་ས་ཡ་ཕྲག་བརྒྱ་རྩ་བརྒྱད་ཁྲི་བརྒྱད་སྟོང་དང་གཅིག་ཡོད་དོ༎ དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་དེ་ཉིད་དུ་སེམས་ཅན་རྣམས་ལ་