[A:101a]གཉིས་པ་ལ་སྐྱོར་མོ་ལུང་དུ་བསམ་གཏན་དོན་གྲུབ་པ་ལ་འདུལ་མངོན་གསན། དེའི་ཚེ་ར་ཚག་ཇོ་མོ་མཇལ་ཏེ་གསོལ་བ་མང་དུ་བཏབ། ཐང་སག་ཏུ་ཡེ་རྒྱལ་བ་ལ་ན་བཟའ་
འབུལ་དུ་ཐེགས་པས་ཁ་བ་བབ་སྟེ་ཡབ་ཀྱི་ལ་ཐོག་ཏུ་ནུབ་གཅིག་བཞུགས་པའི་ཚེ། རྡོ་རྗེ་རྣལ་འབྱོར་མ་དངོས་སུ་གཟིགས། ར་ཚག་ཇོ་མོས་བྱིན་གྱིས་བརླབས་པར་འདུག་གསུང་། ཆོས་རྗེ་དེ་བཞིན་
གཤེགས་པ་རྩེས་ཐང་དུ་ཕེབས་པ་ལ་ཐུགས་བསྐྱེད་དང་ཆོས་དྲུག་གསན། ཞི་བྱེད་ཀྱི་དཔེ་ཅིག་ཕྱག་ཏུ་བྱུང་དུས། བྱང་ཕྱོགས་ཀྱི་ནམ་མཁའ་ལ་འཇམ་དབྱངས་སྤྲིན་གསེབ་ཏུ་བཞུགས་པ་གཟིགས།
གུང་སྣང་པ་ལ་བདེ་མཆོག་ལུས་དཀྱིལ་གྱི་དབང་ཞུས་ནས། འོན་གྱི་བཀྲ་ཤིས་དོ་ཁར་རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་ལ་ནཱ་རོ་ཆོས་དྲུག ལམ་རིམ་དབུ་མ་གསན། རྐྱང་ཆེན་པ་ཤཱཀྱ་ཤྲི་ལ་
དུས་འཁོར་རྒྱུད་འགྲེལ་གསན་ཅིང་རྐྱང་ཆེན་པ་དང་ལྷན་ཅིག་ལྷ་ཁང་སྟེངས་སུ་སངས་རིན་པ་ལ་དུས་འཁོར་གྱི་དབང་ཞུས། ཕྱིས་རྒྱུད་བཤད་མན་ངག་དང་བཅས་པ་ཡོངས་སུ་རྫོགས་པར་གསན།
གནས་དེར་ཞིང་བློན་གྱིས་ཞལ་དངོས་སུ་བསྟན། མལ་གྲོ་རྒྱ་སྟེངས་ཀྱི་སྤྱན་སྔ་རིན་ཆེན་འཕེལ་ལ་བཀའ་གདམས་ཀྱི་ཆོས་སྐོར་མང་དུ་གསན། ཉེར་ལྔ་པ་ལ་ཤངས་རི་བོ་དགེ་འཕེལ་དུ་