[A:101b]ཤངས་པ་ཀུན་མཁྱེན་པ་ལ་ཟླ་བ་ལྔའི་བར་དུ་ཐུགས་བསྐྱེད་དང་དུས་འཁོར་གྱི་དབང་རྒྱུད་འགྲེལ་བུ་ལུགས་ཀྱི་བཤད་པ། དཔལ་ལྡན་བླ་མའི་ཊཱིཀ་ཆེན། འཁོར་ལོ་སྡོམ་ཆེན་དང་གཤེད་དམར་ལ་སོགས་པའི་དབང་རྗེས་
གནང་སུམ་ཅུ་ལྷག་གསན། ཀུན་མཁྱེན་པའི་གསུང་ནས་ཁྱེད་ཀྱིས་དུས་འཁོར་ལེགས་པར་ཤོད། ཐོག་མར་རྩིས་བཞིན་བསླབས་ལ་དེ་རྗེས་རྒྱུད་འགྲེལ་ལ་སྦྱོར་ཞེས་བཀའ་གཏད། ཉེར་བདུན་པ་ལ་སྣང་ཐང་དུ་
ལོ་ཙཱ་བ་སངྒྷ་ཤྲི་ལ་ཀ་ལཱ་པ་དང་། མཁན་ཆེན་གྲུབ་ཤེ་བ་ལ་བསླབ་བཏུས་སྐྱེ་རབས་ཆེད་དུ་བརྗོད་པའི་ཚོམ་བྱ་བ་མདོ་སྡེ་རྒྱན་གསན། བསྟན་འགྱུར་གྱི་གཟིགས་རྟོགས་ཀྱང་གྲུབ། ཁྱད་པར་བྱང་ཆེན་དུ་དུས་འཁོར་
རྒྱུད་འགྲེལ་ལ་ལེགས་པར་སྦྱངས་པས་ཐུགས་ཀྱི་དཔྱད་པ་མཐར་ཕྱིན། གྲུབ་ཆེན་བསོད་བློ་བ་ལ་མདོ་སྡེ་རྒྱན་འབྱེད་གཉིས་གསན། ཉེར་བརྒྱད་པ་ལ་རྟ་ནག་ཏུ་ཆོས་རྗེ་སྒྲོལ་མ་པ་ལས་སྒྱུ་འཕྲུལ་སོགས་རྙིང་མའི་
སྐོར་པོ་ཏི་ལྔ་བཅུ་ཙམ་གསན་ཅིང་སྦྱངས། དེ་དུས་མནལ་ལམ་དུ་ཇོ་མོ་ནང་གསལ་བར་གཟིགས་པ་ཕྱིས་མཇལ་དུ་ཐེགས་པས་དེ་ཉིད་ཇི་ལྟ་བ་བཞིན་དུ་འདུག་གསུངས། ཆོས་རྗེ་རོང་ཆེན་པ་ལ་སྔ་ཕྱིར་ཕར་ཕྱིན་
རྩ་འཇུག་རྣམ་ངེས་རིམ་ལྔ་སོགས་གསན། རབ་བརྟན་གླིང་དུ་མཁན་ཆེན་རྒྱལ་བཟང་པ་ལ་སྦྱོར་དྲུག་དང་། སྦེ་ཞིང་དུ་བྱང་ཆུབ་དཔལ་བ་ལ་རྔོག་ཆོས་སོགས་མང་དུ་གསན། སོ་བཞི་པ་ལ་སྟག་རྩེ་བས་