[A:102a]རྒྱ་དུར་གྱི་མཁན་སར་བཞུགས་པར་གསོལ་བས་ལོ་དྲུག་བཞུགས། དེའི་ཚེ་སློབ་དཔོན་ནམ་ལེགས་པ་ལ་དུས་འཁོར་རྒྱུད་འགྲེལ་གནང་། སོ་དགུ་པ་ལ་བཟང་པ་བློ་རྒྱམ་ལ་མངོན་པ་
གསན། རྒྱ་དུར་བསྐྱར་ནས་ལྷ་པ་རིན་པོ་ཆེ་རྡོ་རྗེ་བླ་མ་ལ་ཡེ་ཤེས་ཞབས་ལུགས། སྤྱན་སྔ་ཉེར་གཉིས་པ་ལ་དོ་ཧ་དང་ཕྱག་ཆེན་གསན། བཞི་བཅུ་པ་ལ་གྲར་སེམས་དཔའ་ཆེན་པོ་ལ་སྒྲོན་གསལ་དང་།
གོང་དཀར་དུ་ཞྭ་ལུ་བ་གྲགས་པ་རྒྱལ་མཚན་ལ་ཡོ་ག་རབ་འབྱམས་ཕྱིས་སྣེ་གདོང་རྩེར་གྲུབ་པ་སྡེ་བདུན་གསན། ཡོངས་རྫོགས་ཀྱི་པཎྜི་ཏ་ཆེན་པོར་གྱུར་ནས་རྩེས་ཐང་དུ་ཆོས་རྗེ་ནམ་པ་སོགས་སྡེ་སྣོད་
འཛིན་པ་མང་པོ་ལ་དུས་འཁོར་རྒྱུད་འགྲེལ་གསུངས། ཞེ་གཉིས་པ་ལ། པཎ་ཆེན་ནགས་ཀྱི་རིན་ཆེན་རྩེས་ཐང་དུ་ཕེབས་པ་ལ་བརྟག་ཅིང་དཔྱད་པས་མཁྱེན་པའི་གཏིང་མི་མངོན་པར་དགོངས་ནས་ལུ་ཡི་
པའི་དབང་གསན། ཞེ་བཞི་པ་ལ་བསམ་གཏན་གླིང་དུ་ཐུགས་དམ་ལ་བཞུགས་པས་སློངས་ཆེ་བར་བྱུང་ཏེ་བསྙུན་དྲག་པོས་བཏབ་པ་ན་ཆོས་བརྒྱད་མགོ་སྙོམས་ཤིང་ཐུགས་ལས་བྱོན་པའི་མན་ངག་ཉམས་སུ་
བཞེས་པས་ཁྲོ་གཉེར་བའི་སྒྲ་བྱུང་མ་ཐག་བསྙུན་དྭངས། སླར་ཡང་པཎ་ཆེན་ལ་སྦྱོར་དྲུག་གི་ཁྲིད་དང་མི་གཡོ་བའི་དབང་གསན། མཆིམ་ཕུར་དབང་མདོར་བསྟན་གྱི་བཀའ་འགྲེལ་སོགས་