R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 102b
[A:102b]འགྱུར་མང་པོ་མཛད། འགོས་ལོ་ཙཱ་བ་ཞེས་མཚན་གསོལ། རྡོ་རྗེ་ཕྲེང་བའི་དབང་། བདེ་དགྱེས། མི་གཡོ་བ། གྲ་ལྔ་རྣམས་ཀྱི་དབང་། དབང་མདོར་བསྟན། དཔེ་མེད་འཚོའི་སྦྱོར་དྲུག་རྩ་འགྲེལ། མཚན་
བརྗོད་དཔྱིད་ཐིག་འགྲེལ་པ། མན་སྙེ། མི་གཡོ་བླ་མེད་ཀྱི་རྒྱུད་རྣམས་གསན། དེའི་ཚེ་རྗེ་འདི་སྤྱིར་རིག་པའི་གནས་ཇི་སྙེད་པ་ལ་མཁས། ཁྱད་པར་རྒྱལ་བའི་གསུང་རབ་མཐའ་དག་གི་ཚིག་དོན་དྲང་ངེས་
མ་ལུས་པ་དཔྱིས་ཕྱིན་དུ་མཁྱེན་ཅིང་སྨྲ་བའི་སྤོབས་པ་མཆོག་ཏུ་དགེ་བས། པཎ་ཆེན་གྱི་ཞལ་ནས་པཎྜི་ཏ་མིའི་ཉི་མའི་ཤེས་རབ་ལྟ་བུ་མ་མཐོང་། མིའི་ཉི་མ་ནི་གཤེགས། ད་ནི་འཛམ་བུའི་གླིང་ན་ཀུ་མ་
ར་ཤྲི་ལས་མཁས་པ་མི་སྣང་གསུང་ཏེ་མཆོག་ཏུ་བསྔགས་པར་མཛད་དོ༎ ས་ཕོ་རྟའི་ལོ་ལ་ཆོས་རྒྱལ་གྲགས་པ་འབྱུང་གནས་པས་སྦྱིན་བདག་མཛད་དེ་བཙན་ཐང་དུ་དམར་སྟོན་རྒྱལ་མཚན་འོད་ཟེར་བ་ལ་རྗེ་
འདི་ཉིད་སོགས་སྡེ་སྣོད་འཛིན་པ་མང་པོས་ཀྲི་ཡ་ས་མུཙྪ་སོགས་དབང་རྗེས་གནང་རྒྱ་མཚོ་ལྟ་བུ་གསན། འོན་ཆོས་སྡིངས་སུ་རྒོད་ཕྲུག་ཆོས་རྗེ་ལ་ཕག་མོ་གཞུང་དྲུག་གསན་ནས་དྭགས་ཕྱོགས་སུ་ཐེགས།
ཀུ་རབ་པ་དང་འབྲུམ་མདའ་བས་བསྙེན་བསྐུར་ཏེ་སྨྱོན་ཕུག་ཏུ་ཐུགས་དམ་མཛད་ཅིང་ཤེར་ཕྱིན་དགུ་བ་སོགས་ཀྱི་འགྱུར་མཛད། དེ་ནས་ཙ་རིར་ཐེགས་ཏེ་སྡོང་བོ་མཁར་ངང་ཟིལ་ཆེན་དང་སྐྱོ་གོ་ཚལ་དང་།