R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 103a
[A:103a]གཡག་ཕུག་རྣམས་སུ་ཟླ་བ་དྲུག་ཐུགས་དམ་མཛད། སླར་དྭགས་པོར་ཕེབས་ཏེ་སྤྲུལ་སྐུ་ཆོས་དཔའ་ཡེ་ཤེས་པ་ལ་ཆོས་དྲུག་གསན། སྒམ་པོར་ཐེགས་དུས་སྐུ་འདྲ་རིན་པོ་ཆེ་
དེ་སྒམ་པོ་པ་དངོས་སུ་མཇལ་ཞིང་། དེའུ་ཤར་མར་ཆོས་ཉིད་ཀྱི་བདེན་པ་གཟིགས་ཏེ་དེར་ང་ལ་གོ་བ་སྐྱེས་པ་ཡིན་གསུང་། དྭགས་པོ་ལ་བར་དུ་རི་མི་འབབས་པ་བསོད་ནམས་རིན་ཆེན་ལ་ཕྱག་ཆེན་སྤྱོད་
ཡུལ་དོ་ཧ་གསན། ཞེ་དགུ་པ་ལ་ཡར་ཀླུངས་སུ་ཕེབས་རྒོད་ཕྲུག་པ་ལ་ཨྱོན་བསྙེན་སྒྲུབ་གསན། གཞན་ལ་བསྟན་ན་ཕན་པ་རྒྱ་ཆེན་པོ་འབྱུང་ཞེས་ལུང་བསྟན། ལྔ་བཅུ་པ་ལ་ཡིད་བཟང་རྩེར་བཞུགས་ཏེ་
དམར་སྟོན་པ་དང་། ཆོས་རྗེ་ནམ་པ་དང་། དཔལ་ཀུན་བཟང་རྩེ་པ་ལ་སྦྱོར་དྲུག་གནང་། དེའི་ཕྱི་ལོ་ཆུ་ཕོ་ཁྱིའི་ནག་ཟླ་ལ། ཆོས་རྒྱལ་གྲགས་པ་འབྱུང་གནས་ཀྱི་བཀས་དཔོན་སློབ་རྣམས་ལ་ཕོགས་དང་
ཆོས་ཇ་གནང་ནས་སློབ་དཔོན་རིན་པོ་ཆེ་ཡེ་ཤེས་རྒྱལ་མཚོས་གཙོས་པའི་སྡེ་སྣོད་འཛིན་པའི་དཔེ་འགྲིམས་དགུ་བཅུ་ལྷག་ལ་རྒྱུད་འགྲེལ་གྱི་བཤད་པ་རྒྱས་པར་གནང་། ཡེ་ཤེས་རྒྱ་མཚོ་བས་ཞུས་ནས་རྒྱུད་
གསུམ་གསང་བ་རྣམ་ཕྱེ་མཛད། ཆུ་མོ་ཕག་ལ་རྩིས་ལ་འཁྲུལ་སེལ་ཡང་མཛད། སྐྱམ་འཆད་པ་སྟེངས་སུ་སྒྲོན་གསལ་ལ་འགྱུར་བཅོས་མཛད་ནས་རྗེ་ནམ་པ་སོགས་ལ་གསུངས། འཇུ་ལྷ་ཁང་