R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 103b
[A:103b]སྟེངས་སུ་ཡང་། གདན་ས་སངས་རྒྱས་རྒྱལ་མཚན། བླ་མ་བཀྲས་བསོད་པ། སྟོན་ཉི་སོགས་ལ་རྒྱུད་འགྲེལ་གསུང་། བཀྲས་བསོད་པས་ཞུས་ནས་བསྐྱེད་རིམ་ཡན་ལག་བཞི་པ་མཛད། ང་བདུན་པ་ལ་
ལྗང་ཕོ་བྲང་དུ་ཆོས་རྗེ་ལོ་ཆེན་ལ་རྒྱུད་འགྲེལ་གསུངས། དེའི་ཕྱི་ལོ་ལ་ཆོས་རྗེ་ནམ་པ་དང་ལོ་ཆེན་ལ་སྒྲོན་གསལ་ངེས་དོན་གྱི་བཤད་པ་རྩལ་དུ་བཏོན་ནས་གསུངས། སྦྲུལ་ལོ་ལ་དཔལ་ཀུན་བཟང་རྩེ་པས་ཞུས་
ཏེ་ལྷ་ཁང་སྟེངས་སུ་སྡེ་སྣོད་འཛིན་པ་མང་པོ་ལ་རྒྱུད་འགྲེལ་གསུངས། རྟ་ལོ་ལ་རྡོའི་མཐོང་སྨོན་དགོན་པར་ཆེན་པོ་དཔལ་འབྱོར་བ་སོགས་སྡེ་སྣོད་འཛིན་པ་མང་པོ་ལ་རྒྱུད་འགྲེལ་གསུངས། ལུག་ལོ་ལ་ཆོས་
སྡིངས་གཡུ་ལོ་བཀོད་པར་སྐུ་མཚམས་མཛད། རེ་གཅིག་པ་ལ་པཎ་ཆེན་གདན་འདྲེན་པ་ལ་ཐེགས་ཏེ། ངུར་མིག་གི་སྒྲོལ་མ་ལ་གསོལ་བ་བཏབ་པས། མནལ་ལམ་དུ་སྒྲོལ་མའི་ཨུཏྤ་ལའི་སྡོང་པོའི་
འོག་ལ་དཔོན་སློབ་རྣམས་བྱོན་པའི་མཚན་མ་བྱུང་། ལམ་རྣམས་སུའང་སྡེ་སྣོད་འཛིན་པ་མང་པོ་ལ་ཆོས་གསུངས། ཆོས་རྗེ་ཉིད་ལ་སྟོད་དུ་བཞུགས་ནས་སློབ་མ་རྣམས་བལ་བོར་པཎ་ཆེན་གདན་
འདྲེན་དུ་བརྫངས། པཎ་ཆེན་དིང་རི་སྟེ་དམར་དུ་ཕེབས་པ་ལ་མཇལ་ཏེ་སྣ་ལེན་བཟང་པོ་བཤམས། པཎ་ཆེན་གྱི་མཛད་པའི་ཤ་ཝ་རིའི་བསྟོད་པ་བསྒྱུར། པཎ་ཆེན་ཆོས་གསུང་པ་དང་དབང་