[A:104a]བསྐུར་བའི་ལོ་ཙཱ་ཡང་མཛད།
སི་ཏུ་རྣམ་རྒྱལ་གྲགས་པས་དུས་འཁོར་སྐོར་གྱི་དྲི་བ་མང་དུ་མཛད་པ་ལ་ཐེ་ཚོམ་རྩ་བ་ནས་བསལ་བས་མཆོག་ཏུ་གུས་པར་འཛིན། སེང་གེ་རྩེ་
ནས་ཕེབས་པའི་ཉིན་ཕྱི་བས་ཐོག་ཉིད་དུ་ལྕེ་རྩེ་སྐན་སྦྱར་གྱི་འགྱུར་མཛད། རེ་ལྔར་ཕེབས་དུས་བཅུ་གསུམ་མའི་མཆོད་ཆོག་དང་ཙརྦ་ཊིའི་བསྟོད་པའི་འགྱུར་མཛད། རིམ་གྱིས་སྣེ་གདོང་རྩེར་ཕེབས།
པཎ་ཆེན་ལ་སྣང་བའི་ཕྲེང་བ་དང་དྲིལ་བུ་རིམ་ལྔ་གསན། གླང་ཐང་སྤྱན་སྔ་ཀུན་རྡོར་བ་ལ་སྒྲོན་གསལ་སྣང་། རེ་བཞི་པ་ལ་པཎ་ཆེན་བལ་པོར་ཐེགས་རྗེས་སྐྱམ་འཆད་པ་སྟེངས་སུ་དཔལ་ཀུན་བཟང་
རྩེ་པ་སོགས་ལ་སྒྲོན་གསལ་གསུངས། དེ་ནས་སྨིན་རིར་ཆོས་རྗེ་བསྟན་པ་བས་གདན་དྲངས་སྨིན་རི་བའི་དགེ་བཤེས་མང་པོ་དང་ཁྲིད་ཐོབ་བརྒྱ་ལྷག་ལ་རྒྱུད་འགྲེལ་གསུངས། རེ་ལྔ་པ་ལ་སྨན་ཅིག་
པ་ཤེས་རབ་བཟང་པོ་ལ་ཞི་བྱེད་གསན། དེ་རྗེས་ཆོས་རྗེ་སྨན་ཅིག་པ་དཔོན་སློབ་ལ་ཞི་ཁྲོའི་དབང་སོགས་གནང་། དེ་ནས་ཡར་ཀླུངས་སུ་ཕེབས་ནས་ཞི་བྱེད་ཀྱི་ཐུགས་དམ་སྐུ་མཚམས་མཛད། དེ་ནས་ཞལ་སྔ་
པ་ཀུན་རྒྱལ་བ་ལ་ཕུར་བའི་དབང་གནང་། རྡོར་བཟང་པ་སོགས་དགེ་བཤེས་མང་པོ་ལ། སྒྲོན་གསལ་བརྟག་གཉིས་སྒྱུ་འཕྲུལ་སོགས་གནང་། རྒྱལ་དབང་ཆོས་རྗེ་ཀུན་དགའ་དཔལ་འབྱོར་བ་དང་། དཔལ་