R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 123a
[A:123a]རྒྱལ་ཚབ་དར་མ་རིན་ཆེན་དང་བཟང་སྐྱོང་བ་དང་ཤར་པ་ཡེ་རྒྱལ་བ་ལ་ཆོས་མང་དུ་གསན། གཙང་ཕྱོགས་སུ་ཇོ་མོ་ནང་གི་བར་དུ་བྱོན་ནས་ཀུན་མཁྱེན་ཆེན་པོའི་སློབ་མ་སྒྲུབ་པ་མོ་འོད་གསལ་
འབུམ་དང་འུ་ལུ་གཉིས་ལ་ཆོས་འབྲེལ་གསན། སྣར་ཐང་དུ་གྲུབ་ཆེན་བསོད་བློ་བ་དང་། ཆོས་རྗེ་ཨ་མོ་བ་ལ་ཆོས་འབྲེལ་གསན། ཉེར་དགུ་པ་ལ་སྣ་མོ་ཆོས་རྫོང་དུ་མཚན་སྒྲོག་པའི་མཁན་པོ་
ལེགས་རིན་པ། དགེ་བློ་པ་དཔལ་རིན་པ་རྣམས་ལ་མཁན་སློབ་བཞུས་ཏེ་བསྙེན་པར་རྫོགས། རྩེ་ཐང་དུ་འགོས་ལོ་ཙཱ་བ་ལ་དུས་འཁོར་རྒྱུད་འགྲེལ་དང་ཕར་ཕྱིན་གསན། རྒྱལ་བཟང་རྒྱུད་འབུམ་
ཞུས་དག་གི་ཕྱག་ཕྱིར་ཐེགས་ཏེ་རྒྱུད་འགྲེལ་སྐྱར་ཆོས་