R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 123b
[A:123b]སུ་གསན། ལྷ་ཁང་སྟེངས་སུ་ཡང་གདན་ས་བ་དང་ལྷན་ཅིག་རྒྱུད་འགྲེལ་དང་རྒྱུད་བླ་གསན། རྩེས་ཐང་དུ་ཆེན་པོ་བློ་རྒྱལ་བའི་འཆད་ཉན་པ་མཛད་དེ་དགེ་བཤེས་མང་དུ་ཐོན། དེ་དུས་གཙང་ཕྱོགས་སུ་ཆོས་བར་ལ་
ཐེགས་པའི་ཚེ་འུ་ཡུག་དཀའ་བཞི་པ་སངས་རྒྱས་རྒྱལ་མཚན་ལ་རྡོ་རྗེ་ཕྲེང་བ་དང་མི་ཏྲ་བརྒྱ་རྩའི་དབང་གསན། སོ་དྲུག་པ་ལ་དམར་སྟོན་རྒྱལ་མཚན་འོད་ཟེར་ལ་ཀྲྀ་ཡ་ས་མུ་ཙྪ་སོགས་དབང་རྗེས་གནང་བརྒྱ་ལྷག་དང་
བདེ་དགྱེས་ཀྱི་རྒྱུད་ལམ་འབྲས་ལམ་སྐོར། པཎ་ཆེན་ནགས་ཀྱི་རིན་ཆེན་ལ་མི་གཡོ་བླ་མེད་ཀྱི་དབང་། པཎྜི་ཏ་ཤཱ་རི་འུ་ཏྲལ་མཚན་བརྗོད། ཆོས་རྒྱལ་གྲགས་པ་འབྱུང་གནས་ལ་ཁམས་སུམ་རྣམ་རྒྱལ་སོགས་ཀྱི་དབང་། བྱང་ཆུབ་དཔལ་བ་ལ་རྔོག་
ཆོས། སློབ་དཔོན་ཡེ་ཤེས་རྒྱ་མཚོ་ལ་དུས་འཁོར་དང་དཔལ་མཆོག་གི་དབང་། མཁན་ཆེན་བསོད་ནམས་མཆོག་གྲུབ་པ་ལ་དབང་རྗེས་གནང་ལུང་མང་པོ་ཡར་འབྲོག་ཏུ་སྐྱེས་མཆོག་སྨོན་ལམ་བ་ལ་བདེ་མཆོག་སོགས་མང་དུ་གསན།
འགོས་ལོ་ཙཱ་བ་ལ་ཕར་ཚད་གསན་ཅིང་སྦྱོར་དྲུག་གི་གདམས་པ་མནོས་པས་རྟོགས་པ་འཁྲུངས། རྩེས་ཐང་སྒྲུབ་མཆོད་ཆེན་མོ་ཐོག་མར་འཛུགས་པའི་སྒྲུབ་ལས་དང་། དུས་འཁོར་སྒྲུབ་མཆོད་ཀྱང་མཛད། སྤྱན་སྔ་རིན་པོ་ཆེ་