R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 124a
[A:124a]ཡུམ་གྱི་ལྷུམས་སུ་ཞུགས་པའི་ཚེ་གོང་མས་བཀའ་གནང་སྟེ་ལྷ་སར་སྨོན་ལམ་འདེབས་པ་ལ་ཐེགས། རྩེས་ཐང་གི་འཆད་ཉན་ཆེན་པོ་བསོད་ཡེས་པ་ལ་གཏད་ནས་འོན་བུ་བླ་མཁར་སོགས་དབེན་གནས་རྣམས་སུ་ཐུགས་
དམ་ལ་རྩེ་གཅིག་ཏུ་བཞུགས། ལྷག་ཏུ་མཁན་ཆེན་ཤཱཀྱ་གྲགས་པ་ལ་སེམས་ཁྲིད། སྦྱོར་དྲུག ཕྱག་ཆེན། ཆོས་དྲུག་སོགས་གསན། ཞལ་སྔ་ནས་ཀུན་རྒྱལ་བ་ལ་དབང་མང་པོ་དང་གྲུབ་སྙིང་གསན། དགའ་ལྡན་དགོན་པར་
སྐུ་མཚམས་ལ་བཞུགས་པས་བར་དོ་ལ་བོགས་ཐོན། ཞེ་ལྔ་བ་ལ་འོན་བུ་བླ་མཁར་དུ་བླ་སྒྲུབ་མཛད་ནས་ལྗང་ཕོ་བྲང་དུ་འགོས་ལོ་ཙཱ་བས་ཆོས་ཀྱི་གསང་མཛོད་བརྟོལ་ཏེ་འཕགས་སྐོར་ཡེ་ཤེས་ཞབས་ལུགས། མདོ་སྒྱུ་སེམས་ཕྱོགས་
སོགས་ཆོས་རྣམས་གཏད། འོ་ཁར་ཆོས་རྗེ་ཆོས་གྲགས་པ་ལ་རྒྱུད་འབུམ་གསན། ཞེ་བརྒྱད་པ་ལ་ཀོང་པོར་ཐེགས་ཏེ། སྤྲུལ་སྐུ་ཆོས་དཔལ་ཡེ་ཤེས་དང་མཁན་ཆེན་ལྷག་རུ་བ་ལ་བསྙེན་སྒྲུབ་སོགས་ཟབ་ཆོས་མང་པོ་གསན། དེ་ནས་
ཙ་རིར་སྡོང་པོ་མཁར་དུ་བླ་སྒྲུབ་མཛད། ཀླུ་རྒྱལ་དབང་པོ་ལྷ་ལྷག་གིས་སློབ་བུ་བརྒྱ་འབུལ་བར་ཁས་བླངས། ཞིང་སྐྱོང་དམ་ལ་བཏགས། ལྔ་བཅུ་པ་ལ་འོན་གྱི་དཔལ་རིར་ཕེབས་ཏེ་འགོས་ལོ་ཙཱ་བ་ལ་གང་སྣང་སྟོང་གཟུགས་ཁོ་ནར་