R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 124b
[A:124b]འཆར་ཞིང་བརྟན་པའི་རྟོགས་པ་ཕུལ་བདེ་དྲོད་རང་འབར། དེ་ན་སྐྱམ་འཆད་པ་སྟེངས་སུ་འདུལ་བ་དང་སྦྱོར་དྲུག་སོགས་ཆོས་མང་དུ་གསུངས། དེའི་གཞི་བདག་གིས་སེམས་བསྐྱེད་ཞུས་པས་ཡུལ་མི་རྣམས་མཆོག་ཏུ་གུས་པར་གྱུར།
ནམ་མཁའི་བྱ་ལའང་སྒོམ་ཐེབས་པའི་གྲགས་པ་བྱུང་། རྭ་ཁྲིད་ལུག་ཁྲིད་ཐུབ་པའི་སློབ་མ་ཞིག་བྱུང་ན་ངོ་སྤྲོད་འདེབས་པ་ལ་གནས་འགྱུ་ལ་ཁྱད་མེད་གསུང་། རེ་གཉིས་པ་ལ་སྤྱན་སྔ་རིན་པོ་ཆེའི་བླ་མ་མཛད། རེ་བཞི་
པ་ལ་ལྷ་སར་ཐེགས་ནས་སྨོན་ལམ་བཏབ་སྟེ་གུང་ཐང་། དོལ་གྱི་གངས་ཁྲོད། ཞུ་ལའི་རྫ་རྣམས་སུ་སྦྱོར་དྲུག་སོགས་ཆོས་མང་དུ་གསུངས། ས་ཕོ་བྱི་བ་ལ་རྗེ་ཉིད་ཀྱིས་ལས་དཔོན་མཛད་དེ། རྩེས་ཐང་དུ་
མཆོད་རྟེན་ཆེན་མོ་བཞེངས། ཡང་དབེན་དུ་ཡང་རྣམ་རྒྱལ་མཆོད་རྟེན་བཞེངས། དོན་གསུམ་པ་ལ་གཡའ་བཟང་སུ་སྦྱོར་དྲུག་སོགས་ཁྲིད་མང་དུ་བསྩལ། སྤྲུལ་སྐུ་རིན་པོ་ཆེ་བསྙེན་པར་རྫོགས་པའི་
སློབ་དཔོན་མཛད། དོན་ལྔ་པ་མེ་མོ་བྱའི་ལོ་ཧོར་ཟླ་བཞི་པའི་ཉི་ཤུ་བརྒྱད་ལ་བྱམས་པ་གླིང་དུ་འཇའ་འོད་དང་མེ་ཏོག་གི་ཆར་དང་། པི་ཝང་གི་སྒྲ་དང་བཅས་ཏེ་སྐུའི་བཀོད་པ་བསྡུས་པའི་ཚེ་དབུའི་གཙུག་