[A:125a]ཏོར་འཕགས་པ་ལས་འོ་མ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཕྱུར་བ་བྱུང་ངོ་༎ དམ་པ་འདི་ལ་བདག་གིས་འཁོར་ལོ་སྡོམ་ཆེན་གྱི་དབང་། ཤ་ཝ་ར་དང་དཔེ་མེད་འཚོའི་སྦྱོར་དྲུག ཡུ་མོའི་གསལ་
སྒྲོན། དུས་འཁོར་དཀའ་འགྲེལ་རྣམས་མནོས་སོ༎ ཆོས་ཀྱི་རྗེ་སྤྱན་སྔ་པ། ཆོས་ཀྱི་རྗེ་སྤྱན་སྔ་རིན་པོ་ཆེ་ནི། ཡབ་ཆོས་རྒྱལ་གྲགས་པ་འབྱུང་གནས་དང་། ཡུམ་སྐྱོ་བཟའ་དབང་འཛོམས་མའི་སྲས་སུ་ས་མོ་ལུག་ལ་བལྟམས། ཇོ་གདན་ཉི་
མ་བ་ལ་གཤེད་དམར་གྱི་དབང་ལན་མང་པོ་དང་། དམར་སྟོན་པ་ལ་མཉན་མགོན་གྱི་རྗེས་གནང་ཞུས། ཆོས་སྐྱོང་འདིས་འཕྲིན་ལས་སྒྲུབ་པར་འདུག་ཅེས་ལུང་བསྟན། དགུང་ལོ་བཞི་པ་ལ་རྒོད་ཕྲུག་ཆོས་རྗེ་ལ་དགེ་བསྙེན་
མནོས་ཤིང་རབ་ཏུ་བྱུང་། མཚན་ངག་གི་དབང་ཕྱུག་གྲགས་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལྷ་ཞེས་གསོལ། རྒྱལ་བཟང་སྨོན་མཁར་དུ་ཡབ་སྲས་མཇལ། ཡབ་ཀྱི་དྲུང་དུ་ཡེ་ཤེས་མགོན་པོའི་དབང་སོགས་གསན།
སློབ་དཔོན་མངའ་རིས་བཀའ་བཅུ་བ་ལས་ཕར་ཚད་འདུལ་མངོན་ལ་སྦྱངས་བས། སྐྱེས་སྟོབས་ཀྱིས་ཚེགས་མེད་པར་མཁྱེན། པཎ་ཆེན་ནགས་ཀྱི་རིན་ཆེན་ལ་དྲིལ་བུ་རིམ་སྔགས་གསན། བཅུ་བཞི་པ་ལ་རྩེས་ཐང་གི་