R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 125b
[A:125b]གདན་སར་བཞུགས་ཏེ། སྡེ་སྣོད་འཛིན་པ་རྒྱ་མཚོ་ལྟ་བུ་ལ། དཀའ་ཆེན་བཞི་རྒྱས་པར་གསུངས་པས་འདུས་པ་ཐམས་ཅད་ངོ་མཚར་དུ་འཛིན། བཅུ་དྲུག་པ་ལ་དཔལ་ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ་འཇིགས་པ་མེད་པ་སེངྒེའི་ཁྲི་ལ་
ལྷ་དང་བཅས་པ་ཡོངས་ཀྱིས་བཞུགས་སུ་གསོལ་ཏེ། བཀའ་རྒྱུད་ཀྱི་བླ་ཁབ་ཀྱིས་ཕྱོགས་ཀུན་ཏུ་ཁྱབ་པར་མཛད། ཉེར་ལྔ་པ་ལ་སློབ་དཔོན་ཡེ་ཤེས་རྒྱ་མཚོ་བ་ལ། དུས་འཁོར་ཡོ་ག་སོགས་ཀྱི་དབང་མནོས།
དཔལ་ཀུན་བཟང་རྩེ་བས་ཕྱག་ལེན་རྣམས་ཕུལ། ཉེར་དྲུག་པ་ལ་ཆོས་རྗེ་ན་མ་པ་ལ་སྦྱོར་དྲུག་རྒྱུད་འགྲེལ་རྡོ་རྗེ་ཕྲེང་བ་མི་ཏྲ་བརྒྱ་རྩ་སོགས་དབང་རྗེས་གནང་། གཞུང་ཁྲིད་མན་ངག རྗེ་དེ་ཉིད་ལ་མངའ་བ་ཕལ་
ཆེ་བ་གསན། སོ་གཅིག་པ་ལ་ཐམས་ཅད་མཁྱེན་པ་འགོས་ལོ་ཙཱ་བ་ལ་སེམས་འགྲེལ་སྐོར་ཕྲན་དང་བཅས་པ་སོགས་གསང་སྔགས་གསར་རྙིང་གི་དབང་ཁྲིད་གཞུང་བཤད་མང་པོ་དང་། སྡེ་སྣོད་ཀྱི་བཤད་པ་མང་དུ་གསན། སྒྲ་སྙན་རྩིས་
སོགས་རིག་པའི་གནས་ཕྲ་མོ་རྣམས་ལ་ཡང་རབ་ཏུ་བྱང་བར་གྱུར། སོ་བཞི་པ་ལ་འགོས་ལོ་ཙཱ་བ། ཆོས་རྗེ་ནམ་པ། མཁན་ཆེན་འགྲོ་བཟང་རྣམས་ལ་མཁན་སློབ་ཞུས་ཏེ་བསྙེན་པར་རྫོགས། འགྲོ་བཟང་