R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 128b
[A:128b]གཟུང་ངོ་༎ སྤྱང་ལུང་ཆོས་སྡིང་པ། ཡང་མཁན་ཆེན་རྒྱལ་བཟང་པའི་སློབ་མ་སྤྱང་ལུང་ཆོས་སྡིང་པ་ནི། འཕན་ཡུལ་དམར་ཞོགས་སུ་ཡབ་དམར་དགེ་བསྙེན་མགོན་པོ། ཡུམ་རྡོ་རྗེ་བུ་འདྲེན་གྱི་སྲས་སུ་ཆུ་ཕོ་བྱི་བ་ལ་འཁྲུངས།
དམར་སྟོན་རྒྱམ་རིན་པའི་གཅེན་པོ་ཡིན། སེངྒེ་དཔལ་བ་ལས་དགེ་བསྙེན་མནོས། མཚན་གཞོན་ནུ་བློ་གྲོས་སུ་བཏགས། བྱང་ཆུབ་ཏུ་ཐུགས་བསྐྱེད་རྡོར་དབྱིངས་ཀྱི་དབང་གསན། དཔལ་ལྡན་བླ་མ་དམ་པ་
བསོད་ནམས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སློབ་སྤྱང་ལུང་བ་བསོད་ནམས་སེངྒེ་ལས་དགེ་ཚུལ་ཐོབ། མཆོག་དབང་ཞུས་ནས་སྦྱོར་དྲུག་སྲོན་ལུགས་གསན་ཅིང་། ཕྱིས་མཁན་ཆེན་ཡོན་ཏན་བློ་གྲོས་
ལ་ཡང་སྦྱོར་དྲུག་གསན་པས་ཉམས་རྟོགས་འཁྲུངས། གྲོ་པ་མཁན་ཆེན་ཀུན་རྒྱལ་བས་མཁན་པོ། དམར་སྟོན་དཔལ་རིན་པས་ལས་ཀྱི་སློབ་དཔོན་ཤཱཀྱ་རིན་ཆེན་གྱིས་གསང་སྟོན་པ་མཛད་ནས་བསྙེན་པར་རྫོགས།
རྩེས་ཐང་དུ་ཕེབས་ཏེ་མཁན་ཆེན་རྒྱལ་བཟང་པ་ལས་དུས་འཁོར་གྱི་དབང་རྒྱུད་འགྲེལ་ཕྲན་དང་བཅས་པ་གསན། བླ་མ་དེ་རྣམས་དང་། བྱང་ངམ་རིངས་པ་ཟླ་མགོན་ཤེས་རབ་པ། བླ་བྲང་པ་ཉི་མ་རྒྱལ་མཚན།