[A:129a]རེད་མདའ་བ། ལོ་ཙཱ་བ་སྐྱབས་མཆོག་དཔལ། མཁས་བཙུན་གཞོན་ནུ་འོད། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། སྤྱན་སྔ་ཉེར་གཉིས་པ། གཉག་ཕུ་བ། རྗེ་ཙོང་ཁ་པ།
ཤར་པ་ཡེ་ཤེས་རྒྱལ་མཚན་སོགས་མཁས་བཙུན་མང་པོ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་ཕལ་མོ་ཆེ་ལ་སྦྱངས་ཤིང་། སྦྱོར་དྲུག་གི་རྟོགས་པ་མངོན་དུ་གྱུར་པས་གཞོན་ནུ་ཉིད་ནས་རྟོགས་ལྡན་དཀའ་བཞི་
བ་ཞེས་གྲགས། དགུང་ལོ་བཅུ་གསུམ་ནས་སྐུ་རྡོ་རྗེའི་དཀྱིལ་དཀྲུང་། གསུང་རྡོ་རྗེའི་བཟླས་པ། ཐུགས་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ལས་མི་གཡེལ་བར་རྒྱུན་དུ་བཞུགས། ལྟ་སྟངས་གྲུབ་པས་སྤྱན་འབྱེད་
འཛུམ་མི་མངའ། སྟོང་གཟུགས་ཀྱི་ཤ་ཝ་ར་ཞལ་གཟིགས། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། གཞན་གྱི་སེམས་ཤེས་པ་ལ་སོགས་པའི་མངོན་པར་ཤེས་པ་མངའ་སྤྱང་ལུང་རི་ཁྲོད་དུ་བཞུགས་ནས་ཁྲིད་འདིའི་
སྒོ་ནས་འགྲོ་བ་གྲངས་ལས་འདས་པ་གྲོལ་བ་མཛད་དེ། དགུང་ལོ་བརྒྱ་དང་ལྔ་བཞེས་པ་མེ་ཕོ་སྤྲེའུའི་ལོ་ལ་ཆོས་ཀྱི་དབྱིངས་སུ་གཤེགས་སོ༎ དེ་ལ་ལྷུན་སྡེ་རབ་འབྱམས་པས་གསན་ཏེ་ཁྲིད་ཀྱིས་འཕྲིན་ལས་