R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 129b
[A:129b]བསྐྱངས་སོ༎ སྟག་པ་ཆོས་ཀྱི་རྡོ་རྗེ། ཡང་ཆོས་རྗེ་ཕྱོགས་པས་མཁས་གྲུབ་ནམ་མཁའ་རྒྱལ་མཚན་ལ་དབང་རྒྱུད་བཤད་མན་ངག་དང་བཅས་པ་གནང་། དེས་སྟག་པ་ཆོས་ཀྱི་རྡོ་རྗེ་ལ་གནང་། དེ་ནི་སྡེ་སྣོད་སྤྱི་དང་ཁྱད་པར་དུ་དུས་འཁོར་ལ་ཤིན་ཏུ་མཁས་
ཤིང་། མངོན་ཤེས་དང་ལྡན། སྲོག་ཐུར་འདྲེས་པས་རླུང་ལ་དབང་ཐོབ་པའི་མཁས་གྲུབ་ཞིག་གོ། སྐུངས་ལུངས་པ་སངས་རྒྱས་དཔལ། དེས་སྐུངས་ལུངས་པ་སངས་རྒྱས་དཔལ། དེས་བདག་གི་བླ་མ་རྗེ་དུས་འཁོར་ཞབས་པ་ལ་དབང་རྫོགས་པ། རྒྱུད་འགྲེལ་
དབང་མདོར་བསྟན། སེམས་འགྲེལ་གཞན་གཉིས། སྦྱོར་དྲུག་གི་ཁྲིད་ལེགས་པར་གནང་ངོ་༎ སྨན་ཆུ་ཁ་བ་བློ་གྲོས་རྒྱལ་མཚན། སྨན་ཆུ་ཁ་བ་བློ་གྲོས་རྒྱལ་མཚན་ནི། ཀུན་མཁྱེན་ཆེན་པོ་ལ་དུས་ཀྱི་འཁོར་ལོའི་དབང་རྒྱུད་བཤད་མན་ངག་
དང་བཅས་པ་གསན་ནས། ལ་དོང་སྨན་ཆུ་ཁ་དང་། བྱང་འབབ་རོང་རྫ་དེའུ་རིན་ཆེན་སྤུང་པར་ཐུགས་དམ་རྩེ་གཅིག་ཏུ་མཛད་ཅིང་བཤད་སྒྲུབ་ཀྱི་འཕྲིན་ལས་ཡུན་རིང་དུ་བསྐྱངས། ཁྲིད་ཡིག་ངོ་སྤྲོད་དང་བཅས་པའང་མཛད་
མར་མེ་རོང་བ་ལ་སོགས་པའི་གྲུབ་ཐོབ་ཀྱི་སློབ་མ་མང་དུ་བྱུང་ངོ་༎ དེའི་དབོན་པོས་སངས་རྒྱས་བློ་གྲོས་པ་ནི། ཁུ་བོས་ཆོས་རྗེ་ཕྱོགས་རྒྱལ་བའི་དྲུང་དུ་བཏང་། ཐོག་མར་སྡེ་སྣོད་གསུམ་ལ་སྦྱངས། ཁྱད་པར་སེམས་འགྲེལ་