R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 130a
[A:130a]བསྐོར་ལ་མཁས་པར་གྱུར་ནས། ཕྱོགས་རྒྱལ་བས་ལོ་བཅུ་གཉིས་ཀྱི་བར་དུ་འདག་འབྱར་ལ་བཞག་སྟེ་རྩེ་གཅིག་ཏུ་སྒོམ་དུ་བཅུག་པས་གྲུབ་པ་བརྙེས་ནས། ལ་དོང་སྨན་ཆུ་ཁ་ཉིད་དུ་བཞུགས་
ནས་བཤད་སྒྲུབ་ཀྱི་འཕྲིན་ལས་བསྐྱངས་སོ༎ འཁྲུལ་ཞིག་གཞོན་ནུ་འོད། དེའི་སློབ་མ་འཁྲུལ་ཞིག་གཞོན་ནུ་འོད་ནི། ཡུལ་གཡེ་རོང་རླུང་འགགས་ཀྱི་སྐམ་ལུང་ཞེས་པར། མེས་པོ་འགར་པདྨ་བཟང་པོ། ཡབ་གྲགས་པ་བཟང་པོ།
ཡུམ་བདེ་ཆེན་སྐྱིད་ཀྱི་སྲས་སུ་ས་ཕོ་སྤྲེའུ་ལ་འཁྲུངས། མེས་པོས་སྨི་རིའི་གཞི་བདག་ལ་མནའ་ཟོས་པས། ཡུམ་མ་གཏོགས་ཉེ་དུ་ཐམས་ཅད་འདས། དགུང་ལོ་ལྔ་པ་ལ་བླ་མ་ཚུལ་འོད་པ་ལས་དགེ་བསྙེན་
མནོས། བརྒྱད་པ་ལ་ཁྲབ་ལ་ཀར་མཁན་ཆེན་སངས་རྒྱས་བཟང་པོ་དང་། མཚུངས་མེད་གཞོན་ནུ་གྲགས་པ་ལས་རབ་ཏུ་བྱུང་། མཚན་གཞོན་ནུ་འོད་དུ་བཏགས། མཁན་པོ་དང་སློབ་དཔོན་གཞོན་སེང་
བའི་དྲུང་དུ་འདུལ་མཛོད་ལ་སྦྱངས། བཅོ་བརྒྱད་པ་ལ་མཁན་སློབ་དེ་གསུམ་དང་དགེ་འདུན་ལས་བསྙེན་པར་རྫོགས། དབུས་གཡོར་གྱི་འདུལ་མཛོད་ཀྱི་གྲྭ་བ་རྣམས་སུ་གྲྭ་བསྐོར་ཡང་མཛད། ཁྲབ་ལ་ཀར་