[A:131a]བུ་ལུགས་ཀྱི་ཁྲིད་སྔ་ཕྱིར་ཚར་སུམ་ཅུ་ལྷག་པ་གསན་ནོ༎ དེ་ནས་ཁྲབ་ཀར་འདར་འབྱར་ལ་ལོ་གསུམ་བཞུགས་པས་སྐུ་ལུས་ཀྱི་རྩ་གནས་གཟིགས། དེར་ལ་ཀ་བ་ནང་མ་མཐུན་པས་ཐུགས་སྐྱོ་སྟེ་
སྐྱི་ཤོད་དུ་ཐེགས་ནས། ལ་དོང་སྨན་ཆུ་ཁའི་དགོན་པར་སངས་རྒྱས་བློ་གྲོས་པ་ལ་སྦྱོར་དྲུག་ཕྲན་དང་བཅས་པ་གསན། སླར་ཡང་བསམ་ཡས་སུ་ཆོས་ཀྱི་རྒྱལ་མཚན་པ་ལས་བསྙེན་སྒྲུབ། སྤྲོས་མེད། ཤངས་ཆོས་རྫོགས་པ་
དམར་ཁྲིད་རྣམས་ཟླ་བ་བཅོ་བརྒྱད་ཀྱི་བར་དུ་མཚམས་ཁོངས་ནས་གསན། མཆོད་རྟེན་དཀར་པོ་བ་སངས་རྒྱས་སྐྱབས་ལ་གཤེད་སྐོར་གསན། ཞབས་ཀྱི་བྱིན་པའི་ནང་དུ་རླུང་འཛིན་པའི་ཐུགས་ཉམས་བྱུང་བའི་ཐོ་རངས་ཞབས་གཉིས་
ནག་ཧྲུལ་སོང་སྟེ་ཅིག་ཆར་གུམ། དཔོན་ཚལ་པ་ན་རེ་འདི་ཀླུ་གདོལ་པ་ནག་པོས་ཟིན་པས་བཅོས་སུ་མེད་ཟེར། དེ་ནས་འདོ་ལི་ལ་བཏེགས་ནས་ཁྲབ་ལ་ཀར་བྱོན་སྐུ་མཚམས་བསྡམས་ཏེ་མཉམ་པར་བཞག་
པས། ཟླ་བ་བཞི་ན་བེ་བུམ་ཆུང་ངུ་ཞིག་གདུང་མཚམས་ན་ཡོད་པ་ལེན་པའི་ཐུགས་ཉམས་ཀྱིས་ཧར་བཞེངས་པས་བསྙུང་ལས་གྲོལ་ཏེ། བསྙུང་ཟུག་ཐུགས་དམ་གྱི་བོགས་སུ་ཐོན་པ་འདི་བླ་མའི་བཀའ་དྲིན་ཡིན་