R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 131b
[A:131b]གསུངས་ནས། ཆོས་ཀྱི་རྒྱལ་མཚན་པ་ཁྲབ་ལ་ཀར་གདན་དྲངས་ཏེ་གསེར་སྲང་བཞི་བཅུ་ཕུལ་བས་ཤིན་ཏུ་མཉེས། དེ་རེས་དབང་རྗེས་གནང་བཞི་བརྒྱ་ལྷག་དང་། བུ་རིན་པོ་ཆེ་དང་ཀུན་མཁྱེན་ཆེན་པོའི་གསན་ཡིག་ན་
གང་བཞུགས་ཀྱི་དུས་འཁོར་སྐོར་མཐའ་དག་དང་། ལམ་འབྲས་ལམ་སྐོར་དགུ་དང་བཅས་པ། ཡང་དགོན་པའི་རི་ཆོས་སྐོར་གསན། སྔ་ཕྱིར་སྐུ་མཚམས་འདག་འབྱར་ལོ་བཅུ་གཅིག་མཛད། རྡོ་རྗེ་འཇིགས་བྱེད་ཀྱི་
ཞལ་གཟིགས། སྨིན་རིའི་གཞི་བདག་གིས་ཀྱང་དྲུང་དུ་འོངས་ནས་དགེ་བསྙེན་མནོས་ཏེ་གདན་དྲངས་པས། ཞེ་ལྔ་པ་ལ་སྨིན་རིའི་ཕུག་ཏུ་ཕེབས་སྒྲུབ་སྡེ་ཡང་བཏབ། སློབ་མའི་ཚོགས་མང་དུ་འདུས་ཏེ་འདག་འབྱར་
ལ་རྩེ་གཅིག་ཏུ་གནས་པའི་ལོ་མཚམས་པ་བརྒྱད་ཅུ་ལྷག་ཙམ་འཁོར་མར་བྱུང་། གཡེ་གཉལ་ཡར་ཀླུངས་རྣམས་སུའང་ཐེགས་ཏེ་ཁྲིད་ཀྱིས་འགྲོ་དོན་རྒྱ་ཆེན་པོ་མཛད། ཁྱད་པར་དུ་ཆས་དགོན་གསར་བས་སྦྱིན་
བདག་མཛད་དེ་ཁྲ་འབྲུག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་སློབ་མའི་ཚོགས་ཁྱམས་ཁྲ་གང་བ་ལ་སོར་བསམ་གྱི་ཁྲིད་ཐབས་གཅིག་ཏུ་གནང་བ་ན་ཕལ་ཆེར་ཉམས་རྟོགས་མངོན་དུ་གྱུར། རྡོ་རྗེའི་ཚིག་གྲུབ་པས་ཡོན་བདག་