R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 132a
[A:132a]ཅིག་འཆི་བའི་མགོར་ཕྱག་རེག་སྟེ། ཨོཾ་ཐེ་གོང་གོང་ཞེས་གསུངས་པས་ཐེག་སྒྲ་དང་བཅས་ཏེ་གོང་དུ་འཕོས། ལྟ་སྟངས་གྲུབ་པས་སྤྱན་ལ་འབྱེད་འཛུམ་མི་མངའ་ཞིང་མངོན་པར་
མཁྱེན་པ་མངའ། ཆོས་བརྒྱད་མགོ་སྙོམས་པས་འཁྲུལ་ཞིག་པར་གྲགས། གསང་ཆབ་ལ་གླ་རྩིའི་དྲི་བྲོ་ཞིང་གཞན་གྱི་ནད་ཐམས་ཅད་སེལ་བའི་སྨན་གཅིག་པོ་མཛད་ཚེམས་བྱོན་པ་རྣམས་མུ་ཏིག་ཏུ་གྱུར། ལན་ཅིག་
ཆོས་གྲྭར་ཐོག་བབས་པ་ལ་རྣལ་འབྱོར་མའི་ཞབས་དྲན་པར་བྱོས་ཤིག་གསུང་མ་ཐག གྲྭ་པ་རྣམས་ལ་སྟངས་པ་ཙམ་ཡང་མེད་པར་ཐོག་དེ་སྐུ་དྲུང་དེ་ནས་ཤར་ཕྱོགས་ཀྱི་ཝ་ཆུའི་བུག་པ་ལ་དམར་ཧྲིལ་ལི་ལི་
སོང་སྟེ་ལུང་པ་གཞན་ཞིག་ཏུ་སོང་བ་བྱུང་། དོན་དྲུག་པ་ཆུ་མོ་ཕག་གི་མཆུའི་ཟླ་བའི་ཉེར་གཉིས་ལ་ཆོས་ཀྱི་དབྱིངས་སུ་གཤེགས་སོ༎ སློབ་མའི་མཆོག་ཀྱང་རྒྱལ་ཚབ་བློ་གྲོས་དབང་ཕྱུག ཆོས་
རྗེ་བསྟན་པ་བ། རྗེ་དུས་འཁོར་ཞབས་ལ་སོགས་མང་དུ་བྱུང་བ་ལས། རྒྱལ་ཚབ་པ། རྒྱལ་ཚབ་པ་ནི། ཆོས་ལུང་མཁན་ཆེན་རིན་རྒྱལ་བ་དང་། ཆུ་མིག་དགོན་གསར་བ་སློབ་དཔོན་བྱང་རྒྱལ་བ་ལ་གཏུགས་ཏེ་མཁས་པ་